ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་སི་རི་ལན་ཁའི་ཙུང་ཐུང་ཞི་ལི་སེ་ན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124492433_15578225459071n.jpg

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་སི་རི་ལན་ཁའི་ཙུང་ཐུང་ཞི་ལི་སེ་ན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་སི་རི་ལན་ཁའི་ཙུང་ཐུང་ཞི་ལི་སེ་ན་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བའི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་གོ་སྐབས་གསར་བ་དང་འཕྲད་ཡོད་པས། ཕྱོགས་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཞི་ལི་སེ་ན་རྣམ་གཉིས་ཀྱིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། རྒྱལ་ཁབ་རང་གི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་དམ་པོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤྱི་ཁོག་ནང་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ལ། ཕན་ཚུན་གྱི་དཔལ་ཡོན་དཔྱད་གཞིར་འཛིན་པ་དང་ཉམས་མྱོང་བརྗེ་རེས་ཇེ་མང་དུ་བཏང་ནས། ཀྲུང་གོ་དང་སི་རི་ལན་ཁའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་སི་རི་ལན་ཁ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ནས། འཇིགས་སྐུལ་རིང་ལུགས་ཀྱིས་འཇིགས་སྣང་སྐུལ་བར་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཟེར།

ཞི་ལི་སེ་ན་ཡིས་བཤད་རྒྱུར། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཁོ་ཚོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུ་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་ཡོན་གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།