ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ས་ཁུལ་ཧེ་ནན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ས་ཁུལ་ཧེ་ནན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ས་ཁུལ་ཧེ་ནན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་ལས་བསྟན་དོན། ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱས་པ་བརྒྱུད་དེ་ཧེ་ནན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྔར་ལས་མཐོ་བ་ལས་ཇེ་སྡུག་ཏུ་མི་འགྲོ་བ་འགན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པར་གྱུར་བའི་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཉིས་སྟོང་ཉེར་ལྔ་ལོའི་བར་དུ་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་ཚུད་པའི་ཆུ་ཚད་སྲུང་འཛིན་བྱེད་དགོས། ཉིས་སྟོང་སོ་ལྔའི་བར་དུ་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་དང་ཐོན་ཁུངས་བེད་སྤྱོད་ཕན་འབྲས་ཐོབ་ཚད་འཛམ་གླིང་གི་མདུན་གྲས་སུ་ཚུད་དུ་བཅུག་ནས། ཧེ་ནན་ཞིང་ཆེན་དེ་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།