ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་དུས་རབས་གསར་པའི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཞེས་བརྗོད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན་སློབ་གསོ་པུས《མཐོ་སློབ་དཀྱུས་མའི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་དཔུང་ཁག་གསོ་སྐྱོང་འཆར་གཞི(2019ལོ་ནས2023ལོའི་བར)》ཡོངས་བསྒྲགས་བྱས་ནས་ཆེད་དོན་རིགས་པའི་གཞུང་ལུགས་རེས་སྐོར་སྦྱོང་བརྡར་གྱི་འཆར་གཞི་དང་། དཔེ་སྟོན་གསོ་སྦྱོང་འཆར་གཞི། རྣམ་གྲངས་རོགས་དངུལ་འཆར་གཞི། དྲིལ་བསྒྲགས་ཁྱབ་སྤེལ་འཆར་གཞི་སོགས་ཀྱི་ཐབས་ལམ་དང་བྱ་ཐབས་སྣ་མང་བཏོན་པ་བརྒྱུད་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་ཧྲག་པོ་བཀོད་སྒྲིག་བྱ་རྒྱུ་རེད།

འཆར་གཞིའི་ནང་གཏན་འབེབས་ཁ་གསལ་བྱས་དོན། རྒྱལ་ནང་དུ་ཤུགས་རྐྱེན་རྒྱ་ཁྱབ་ལྡན་པའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྲགས་ཅན་བཅུ་གྲངས་དང་། བསམ་བློ་ཆབ་སྲིད་སློབ་ཚན་སློབ་ཁྲིད་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་བརྒྱ་གྲངས། བསམ་བློ་ཆབ་སྲིད་སློབ་ཚན་སློབ་ཁྲིད་ཀྱི་རྐང་འཛིན་པ་ཁྲི་ཁ་ཤས་བཅས་གསོ་སྐྱོང་ཧུར་ཐག་བྱས་ནས་རྒྱལ་ཡོངས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་དེ་བས་དོ་སྙོམས་དང་དེ་བས་འཕེལ་རྒྱས་གང་ལེགས་ཡོང་བར་སྐུལ་མ་གཏོང་རྒྱུ་རེད།

དེ་དང་དུས་མཚུངས་མཐོ་སློབ་ཀྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཁ་གཏད་རོགས་སྐྱོར་གྱི་འཛུགས་སྐྲུན་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་མཐོ་སློབ་ཁག་གིས་སློབ་གྲྭའི་དབར་མཐུན་སྦྱོར་ལམ་སྲོལ་འཛུགས་རྒྱུར་སྐུལ་ལྕག་བཏང་ནས་གནས་སྦྱར་དང་། སློབ་སྐྱོར། ཟབ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་ཐུན་མོང་ཐོག་སློབ་ཁྲིད་ཞིབ་བསྡུར་དང་། ཐུན་མོང་ཐོག་ཞིབ་འཇུག་བྱ་གཞིར་ཞིབ་འཇུག ཐུན་མོང་ཐོག་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།