ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྲིད་ཇུས་དང་བྱེད་ཐབས་ལ་བརྟེན་ནས་ད་ལོའི་ལོ་མཇུག་གི་སྔོན་ལ་རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་བར་གྱི་དངུལ་བསྡུ་ས་ཚིགས་ཕལ་ཆེར་མེད་པར་བཏང་སྟེ་མང་ཚོགས་ཕྱོགས་སྐྱོད་བྱེད་པར་སྟབས་བདེ་བཟོས་ནས་དངོས་རྒྱུག་ནུས་ཚད་ཇེ་མཐོར་གཏོང་རྒྱུ་གཏན་འཁེལ་གསལ་བོ་བྱས་ཤིང་། ལམ་ལུགས་གསར་སྐྲུན་ལ་བརྟེན་ནས་བདེན་དཔང་དོན་དག་རྒྱུན་མཐུད་སྒོས་ཇེ་ཉུང་དུ་གཏོང་བ་དང་ཚད་ལྡན་དུ་བཏང་སྟེ་སྲིད་དོན་ཞབས་ཕྱི་དང་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་རྒྱུ་བཀོད་སྒྲིག་བྱས་པ་དང་། ལས་རིགས་ནད་ཀྱི་འགོག་བཅོས་བྱ་བའི་ཡར་ཞུ་ལ་ཉན་ཏེ་སྔར་ལས་བཟང་བའི་སྒོ་ནས་ལས་བཟོ་བའི་བདེ་ཐང་ཁེ་དབང་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལམ་དངུལ་བསྡུའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཏོན་པའི་ལོ་གཉིས་ཀྱི་ནང་རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་བར་གྱི་དངུལ་བསྡུ་ས་ཚིགས་ཕལ་ཆེར་མེད་པར་གཏོང་བའི་ལས་འགན་སྔ་སྣུར་སྒོས་ད་ལོའི་ལོ་མཇུག་གི་སྔོན་ལ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱས་ཏེ། འཛད་སྤྱོད་མཁན་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ཁེ་ལས་ཀྱི་མ་རྩ་ཇེ་ཉུང་དུ་གཏོང་བ། ཕན་ནུས་དགོས་མཁོ་རྒྱ་བསྐྱེད་ཆེད། ཚོགས་ཐོག་ནས་རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དང་། ཚོང་འདྲུད་རླངས་འཁོར་གྱི་དངུལ་བསྡུའི་རིན་གོང་ཇེ་མང་དུ་མི་གཏོང་བའི་གནས་ཚུལ་འོག་ཏུ་ཚོང་འདྲུད་རླངས་འཁོར་གྱི་དངུལ་བསྡུའི་རྣམ་པ་ལེགས་སྒྱུར་བྱེད་རྒྱུ། ཉམས་མྱོང་ལ་འཚོལ་ཞིབ་བྱེད་པ་དང་འབྲེལ་ཡོད་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ་གཏན་འཁེལ་བྱས།

ཚོགས་ཐོག་ནས་ལས་རིགས་ནད་འགོག་བཅོས་བྱ་བའི་ཡར་ཞུ་ལ་ཉན་ཏེ་སྔར་ལས་བཟང་བའི་སྒོ་ནས་ལས་བཟོ་བའི་བདེ་ཐང་ཁེ་དབང་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།