ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་ཕྱོགས་བསྒྲིགས་ཅེས་པའི་དཔེ་ཆ་པར་དུ་བསྐྲུན་ནས་རྒྱལ་ཡོངས་ལ་བཀྲམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་ཕྱོགས་བསྒྲིགས་ཅེས་པའི་དཔེ་ཆ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་ལ་བཀྲམས།

རྒྱས་བཤད་ཕྱོགས་བསྒྲིགས་ལ་བསྡོམས་པས་དོན་ཚན་བཅུ་གཅིག་ཏུ་བགར་ཡོད། གཅིག ཞིང་ལས་དང་ཞིང་སྡེ་ཐོག་མར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་དགོས། གཉིས། གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། གསུམ། ཞིང་སྡེ་གཞི་རྩའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས། ཞིང་སྡེ་ས་ཞིང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། བཞི། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱས་ནས་ཀྲུང་གོ་བའི་ཁ་རྒྱབ་གནད་དོན་ཀྲུང་གོ་བ་རང་ཉིད་ཀྱིས་ཐག་གཅོད་དགོས། ལྔ། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། དྲུག ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་ཞང་སྡེ་དར་སྤེལ་བྱེད་དགོས། བདུན། འཕེལ་རྒྱས་རྒྱུན་འཛིན་བྱས་ཏེ་ཞིང་འདེབས་དཔལ་ཡོན་ཇེ་མཐོར་གཏོང་དགོས། བརྒྱད། ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་དགོས། དགུ། ཞིང་བའི་ལས་ཞུགས་ལས་སྤེལ་ལ་རྒྱབ་སྐྱོར་དང་སྐུལ་མ་བཏང་ནས་ཡོང་འཕར་ཐབས་ལམ་རྒྱ་བསྐྱེད་དགོས། བཅུ། བློ་ཐག་རྦད་ཆོད་སྒོས་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་དགོས། བཅུ་གཅིག ཏང་གིས་ཞིང་གསུམ་བྱ་བར་འགོ་ཁྲིད་པར་ཤུགས་སྣོན་དགོས་པ་བཅས་རེད།

 དཔེ་ཆའི་ནང་དུ་རྒྱས་བཤད་དོན་ཚན་ཉིས་བརྒྱ་དང་གྱ་དྲུག་བཀོད་ཡོད་པ་དང་། དེ་བློ་མཐུན་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པ་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་བར་གྱི་གསུང་བཤད་དང་སྙན་ཞུ། མཛུབ་སྟོན། རྟེན་འབྲེལ་ཡི་གེ་སོགས་ཚད་ལྡན་ཡིག་ཆ་བདུན་ཅུ་ལྷག་ལས་བཤུས་པ་ཡིན་ལ། དེའི་ནང་གི་རྒྱས་བཤད་གང་མང་ཞིག་ཐོག་དང་པོར་འགྲེམ་སྤེལ་བྱས་པ་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།