ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་བཏོན།

བསམ་འཆར་ལས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་བར་དུ་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་སྒྲིག་སྲོལ་རྐྱེན་སྲོལ་རིམ་བཞིན་འཛུགས་དགོས། ཉིས་སྟོང་སོ་ལྔ་ལོའི་བར་དུ་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། དུས་རབས་འདིའི་དུས་དཀྱིལ་བར་དུ་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་སྒྲིག་སྲོལ་རྐྱེན་སྲོལ་གྱི་རྣམ་པ་ཡོངས་སུ་གྲུབ་པར་བྱེད་དགོས་ཟེར།

བསམ་འཆར་ལས་ད་དུང་གྲོང་གསེབ་ཀྱི་རྒྱུ་རྐྱེན་འོས་འཚམ་སྒྲིག་ཆས་ལ་ཕན་པའི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་གཞི་རྩའི་སྤྱི་ཐུན་ཞབས་ཕྱིའི་ཀུན་ཕན་མཉམ་སྤྱོད་ལ་ཕན་པའི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་གཞི་གཅིག་ཅན་འཕེལ་རྒྱས་ལ་ཕན་པའི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ། ཞིང་སྡེ་དཔལ་འབྱོར་སྣ་མང་ཅན་འཕེལ་རྒྱས་ལ་ཕན་པའི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ། ཞིང་བའི་ཡོང་སྒོ་རྒྱུན་མཐུད་སྒོས་འཕར་བར་ཕན་པའི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ། དེ་མིན་རྩ་འཛུགས་འགན་སྲུང་སོགས་ཕྱོགས་ཀྱི་བྱ་བའི་ཐད་ལ་བྱེ་བྲག་གི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།