ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཚེས5ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཟླ5བའི་ཚེས5ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་ལ་མཇལ་འཕྲད་གནང་།

པཎ་ཆེན་མཆོག་གིས་ཝང་དབྱང་ལ་ཁ་བཏགས་ཕུལ་པ་དང་། ཞོར་དུ་ཉེ་བའི་ལོ་འགའི་རིང་གི་རང་ཉིད་ཀྱི་སློབ་སྦྱོང་དང་འཚོ་བའི་ཐད་ཀྱི་གནས་ཚུལ་ཡར་ཞུ་བྱས། ཝང་དབྱང་གིས་པཎ་ཆེན་རིན་པོ་ཆེ་མཆོག་གི་ནང་བསྟན་ཡོན་ཚད་དང་རིག་གནས་བློ་སྦྱོང་། ཆོས་ལུགས་ཀྱི་ཤུགས་རྐྱེན་བཅས་ཐད་ནས་སྔར་བས་ཡར་ཐོན་བྱུང་ཡོད་པར་ཁས་ལེན་གང་ལེགས་བྱས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་གཅེས་ཆོས་ལུགས་འཐུས་ཚབ་མི་སྣའི་འཚར་ལོངས་ཡར་ཐོན་ལ་ཤིན་ཏུ་ཐུགས་ཁུར་བྱེད་ཀྱིན་ཡོད་ལ། པཎ་ཆེན་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་མོ་ཡིན་ལ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་དོ་སྣང་བྱེད་པའི་བོད་བརྒྱུད་ནང་བསྟན་གྱི་སྣེ་ཁྲིད་པ་ཡིན་པའི་ཆ་ནས། བོད་བརྒྱུད་ནང་བསྟན་གྱི་ལམ་ཁ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེའི་འགན་འཁུར་ཁུར་ཡོད། རེ་བ་ཡིན་ན་པཎ་ཆེན་མཆོག་གིས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་ལ་སློབ་སྦྱོང་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པ་དང་། རྒྱ་ཆེའི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་དང་མཉམ་དུ་རྒྱལ་ཁབ་ཁ་བྲལ་གྱི་སྟོབས་ཤུགས་ལ་འཐབ་རྩོད་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་ཁ་ཕྱོགས་རྒྱུན་འཛིན་དང་། ཆོས་ལུགས་དགོངས་དོན་རྒྱས་འགྲེལ་བྱས་ནས། བོད་བརྒྱུད་ནང་བསྟན་དེ་དུས་བསྟུན་གོང་འཕེལ་ཡོང་བར་བྱེད་པ་དང་། སྔར་ལས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལ་འཆམ་མཐུན་ཡོང་བར་བྱེད་དགོས། ཧུར་ཐག་གིས་ལག་ལེན་སྦྱོང་བརྡར་ལ་ཤུགས་བསྣན་ནས། རང་རྒྱུད་ཀྱི་ནང་བསྟན་གྱི་དགོངས་པ་ཇེ་ཟབ་ཏུ་གཏོང་བ་དང་། དེང་རབས་རིག་གནས་ལ་སློབ་སྦྱོང་བྱས་ནས། ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་སུ་བཏང་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་གུས་བར་འོས་པའི་སྤྱོད་ཡོན་ཉིས་ལྡན་གྱི་བླ་ཆེན་ཞིག་བྱེད་དགོས།

པཎ་ཆེན་མཆོག་གིས་གསུངས་རྒྱུར། བདག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་སྟོང་ཟད་དུ་མི་གཏོང་ལ། ཀྲུང་དབྱང་འགོ་ཁྲིད་ཀྱི་བསླབ་བྱ་ཡིད་ལ་དམ་པོར་ཉར་ནས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ལམ་གྱི་ཉམས་ལེན་དང་དམིགས་ཡུལ་སོགས་ཐོག་མའི་སེམས་འདུན་མི་བརྗེད་པར། བསླབ་པ་དོན་གཉེར་ལ་འབད་ཅིང་། དད་ལྡན་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་འཇགས། ཆོས་ལུགས་འཆམ་མཐུན་བཅས་ཀྱི་ཕྱོགས་སུ་བྱས་རྗེས་འཇོག་ཁོ་ཐག་ཡིན་ཟེར།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།