ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐེ་གོ་རྒྱལ་བོའི་རྒྱལ་ཁབ་ཀྱི་རྒྱལ་བོ་ཝ་ཅི་ལ་ལུང་ཀོང་སྲིད་ཁྲིར་འཁོད་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཞིའི་ཉིན་ཐེ་གོ་རྒྱལ་བོའི་རྒྱལ་ཁབ་ཀྱི་རྒྱལ་བོ་ཝ་ཅི་ལ་ལུང་ཀོང་སྲིད་ཁྲིར་འཁོད་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། རྒྱལ་བོ་ཁྱེད་རང་སྲིད་ཁྲིད་འཁོད་པའི་སྐབས་འདིར་བདག་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་པ་དང་། ང་རང་ཉིད་ཀྱི་མིང་སྟེང་ནས་ཁྱེད་དང་ཐེ་གོ་མི་དམངས་ལ་སེམས་གཏིང་ནས་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས་པ་ཡིན། ཁྱེད་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་ལ། དུས་ཡུན་རིང་བོར་ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་ལས་དོན་ཐད་ལ་སེམས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་བ་རེད། བདག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་བོ་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཐེ་གོའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། མཐར་ཐེ་གོ་རྒྱལ་བོའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བ་དང་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།