ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མིང་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲ་ཐོག་སྲིད་དོན་ཞབས་ཞུ་སྐོར་གྱི་གཏན་ཁེལ་འགའ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མིང་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲ་ཐོག་སྲིད་དོན་ཞབས་ཞུ་སྐོར་གྱི་གཏན་ཁེལ་འགའ་ཁྱབ་བསྒྲགས་བྱས་པ་དང་། གཏན་ཁེལ་འགའ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

གཏན་ཁེལ་ནང་གཤམ་གྱི་ནང་དོན་འགའ་གཏན་ཁེལ་བྱས་ཡོད་དེ། གཅིག་ནས་གཞི་གཅིག་ཅན་གྱི་དྲ་ཐོག་སྟེགས་བུ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་རེ་བ་དང་སྤྱི་ཁོག་གི་གྲུབ་ཚུལ་གཏན་ཁེལ་གསལ་བོ་བྱེད་པ། གཉིས་ནས་གཞི་གཅིག་ཅན་གྱི་དྲ་ཐོག་སྟེགས་བུ་འཛུགས་སྐྲུན་དོ་དམ་གྱི་ལག་བསྟར་རྐྱེན་སྲོལ་གཏན་ཁེལ་གསལ་བོ་བྱེད་པ། གསུམ་ནས་སྲིད་དོན་ཞབས་ཞུ་དེ་རྩ་དོན་སྟེང་དྲ་ཐོག་ནས་བསྒྲུབ་པ་གཏན་ཁེལ་བྱེད་པ། བཞི་ནས་སྲིད་དོན་ཞབས་ཞུ་དོན་བྱ་བསྒྲུབ་པའི་གཞི་རྩའི་རེ་བ་གཏན་ཁེལ་བྱེད་པ། ལྔ་ནས་གློག་རྡུལ་མིང་འགོད་དང་གློག་རྡུལ་ཐམ་ཀ གློག་རྡུལ་འཛིན་ཡིག གློག་རྡུལ་ཡིག་ཚགས་ཀྱི་བཅའ་ཁྲིམས་ཕན་ནུས་གཏན་ཁེལ་བྱེད་པ་བཅས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།