ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རི་ཁའི་སྐོར་ཐེངས་བཅུ་བའི་དཔལ་འབྱོར་ཉོ་ཚོང་མཐོ་རིམ་གྲོས་མོལ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ནས་ཟླ་ལྔ་བའི་ཚེས་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རི་ཁའི་ཁྱོན་ཡོངས་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོའི་ཕྱོགས་ཀྱི་སྣེ་ཁྲིད་མི་སྣ་ལིག་ཧྭི་དང་ཨ་མེ་རི་ཁའི་ཉོ་ཚོང་འཐུས་ཚབ་པ་ལའེ་ཐི་ཞི་ཙིག ནོར་སྲིད་པུའུ་ཡི་པུའུ་ཀྲང་མུའུ་ནུའུ་ཆིན་བཅས་ཀྱིས་པེ་ཅིན་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཐོ་རིམ་གྲོས་མོལ་སྐོར་ཐེངས་བཅུ་བ་བསྡུས། ཕྱོགས་གཉིས་ཀྱིས་བཀོད་སྒྲིག་ལྟར། གཟའ་འཁོར་རྗེས་མར་ཝ་ཧྲིན་ཏུན་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་སྐོར་ཐེངས་བཅུ་གཅིག་པའི་དཔལ་འབྱོར་ཉོ་ཚོང་མཐོ་རིམ་གྲོས་མོལ་བསྡུ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།