ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འབར་མའི་རྒྱལ་དོན་ཙི་ཀྲིན་ཨང་ཧྲན་སུའུ་ཅི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནས་འབར་མའི་རྒྱལ་དོན་ཙི་ཀྲིན་ཨང་ཧྲན་སུའུ་ཅི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་ཉེར་བརྒྱད་ཉིན་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནས་འབར་མའི་རྒྱལ་དོན་ཙི་ཀྲིན་ཨང་ཧྲན་སུའུ་ཅི་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་བསྟན་དོན། ཀྲུང་གོ་དང་འབར་མ་ནི་རི་ཆུ་གཅིག་འདྲེས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་གི་ཉམས་སད་ཐེག་ཐུབ་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་དོན་ཙི་ཀྲིན་སོགས་འབར་མའི་འགོ་ཁྲིད་མི་སྣ་དང་བརྗེ་རེས་ཐེངས་མང་བྱས་ཏེ། ཀྲུང་གོ་དང་འབར་མའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྤེལ་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོས་འབར་མས་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། འབར་མ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་བཟང་བོ་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་ལས་སྒྲོམ་གཞི་འོག་གི་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པ། གཞུང་ལམ་དང་ལྕགས་ལམ། ནུས་ཁུངས་མཉམ་འབྲེལ་མཉམ་མཐུད་འཛུགས་སྐྲུན་དང་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་སྐྱེད་དེ། ཕྱོགས་གཉིས་ཀྱི་མཛའ་བརྩེ་མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་བསྐྲུན་འདོད་ཡོད་ཟེར།

ཨང་ཧྲན་སུའུ་ཅི་ཡིས་ཀྲུང་གོས་དུས་ཡུན་རིང་བོར་འབར་མར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། འབར་མ་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། ཀྲུང་གོའི་ཉམས་མྱོང་ལ་དཔེ་ལྟ་བྱས་ཏེ། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་རྒྱུན་མི་ཆད་པར་ཤུགས་སྣོན་འདོད་ཡོད་ཟེར།

ཝང་ཀྲིན་ཝེ་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།