ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190429092825GaLp.jpg

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་ཉེར་བདུན་ཉིན་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པ་དང་། ཀྲུང་གོ་སྲིད་གཞུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་རྩོམ་མཛད་སྒོའི་སྟེང་དྲིལ་སྒྲོག་བྱས་པའི་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་དང་ཕྱོགས་སོ་སོའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་རྒྱུ་ཡིན། དྲུང་ཡིག་ཆེན་མོས་སྐབས་འདིའི་གླེང་སྟེགས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བརྟན་པོ་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གླེང་སྟེགས་བཟང་བོར་བསྒྲུབ་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

གུའུ་ཐི་ལེ་སི་ཡིས་སྐབས་འདིའི་གླེང་སྟེགས་རྒྱལ་ཁའི་ངང་བསྡུས་བར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱིས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་ཐད་སྒུལ་ཤུགས་གསར་བ་བསྩལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་ལ་ཁས་ལེན་བྱས་པར་མ་ཟད་རྒྱབ་སྐྱོར་བྱེད་ཀྱིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་རྒྱབ་སྐྱོར་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།