ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་སོ་སོར་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་དང་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་རིག་ཨིན་པེ་ཁི་ཧྥུའུ་གཉིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནས་སོ་སོར་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་དང་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་རིག་ཨིན་པེ་ཁི་ཧྥུའུ་ལ་གཉིས་ལ་མཇལ་འཕྲད་གནང་།

རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་འདྲེས་ཀྱི་ཚེ་སྲོག་ཐུན་མོང་ཚོགས་པ་ཡིན། ཉེ་བའི་ལོ་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཁྲུན་ཧྥུའུ་གཉིས་ཀྱིས་ཕན་ཚུན་བར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་མཛད་དེ། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འཐབ་ཇུས་འཆར་འགོད་བྱས། སང་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱིས་ཆེས་མཐོ་འགོ་ཁྲིད་མི་སྣའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་རྒྱུ་དེ་གཙོ་ཐིག་ཏུ་བརྩི་བ་དང་། མཐོ་རིམ་འགྲོ་འོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཏང་བར་གྱི་འགྲོ་འོང་གི་ཁྱད་འཕགས་དགེ་མཚན་བཀོལ་སྤྱོད་བཟང་བོ་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྣམ་པ་གྲུབ་པར་བྱེད་པ། བརྗེ་རེས་གྲོས་མོལ་གྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དང་དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ཀྲུང་གོ་དང་ཡོ་ནན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་རིག་ཨིན་པེ་ཁི་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་གཉིས་ནི་རི་ཆུ་གཅིག་འདྲེས་ཀྱི་ཁྱིམ་མཚེས་བཟང་བོ་ཡིན། འབྲེལ་བ་བཙུགས་པའི་ལོ་ངོ་ཉེར་བདུན་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནམ་ཡང་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་བ་དང་། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ཀྱི་ལེའུ་གསར་བ་བྲིས། ཀྲུང་གོས་མུ་མཐུད་དུ་ཅི་ཨེར་ཅི་སི་སི་ཐན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་ཀྱིན་ཡིན་པ་དང་། རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་ནང་ཅི་ཨེར་ཅི་སི་སི་ཐན་དང་མཉམ་དུ་ལས་གཞི་ཆེན་པོ་སྔར་ལས་མང་པོ་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཅི་ཨེར་ཅི་སི་སི་ཐན་གྱིས་ད་ལོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་བཟང་བོ་བསྒྲུབ་པར་རྒྱབ་སྐྱོར་བྱེད་ཀྱིན་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།