ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བང་ཆི་ཧྲན་གྱིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་ཁྰ་ལ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124417573_15562140432691n.jpg

ཚེས་ཉེར་ལྔ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བང་ཆི་ཧྲན་གྱིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་ཁྰ་ལ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་ལྔ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བང་ཆི་ཧྲན་གྱིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་ཁྰ་ལ་ལ་མཇལ་འཕྲད་གནང་།

བང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ་དུས་ཡིན་རིང་བའི་མཛའ་བརྩེའི་རྨང་གཞིའི་སྟེང་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱི་གྲུབ་འབྲས་ཆེན་པོ་བླངས།  རྒྱལ་ཁབ་གཉིས་ཀྱིས་རང་གི་ཁྱད་ཆོས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཤིང་ཞི་བདེ་དང་འཕེལ་རྒྱས་ལ་བརྟེན་ནས་མི་དམངས་ཀྱིས་མཛེས་སྡུག་འཚོ་བ་ལ་བཅིངས་བའི་རེ་འདོད་བསྐངས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རང་རྟོན་ཇེ་དྲག་ཏུ་བཏང་།

ཁྰ་ལ་ཡིས་བསྟན་དོན།  ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་གཉིས་ནི་གྲོགས་པོ་བཟང་བོ་དང་རོགས་པ་བཟང་བོ་ཡིན་ལ། རྒྱུད་གཅིག་ལམ་གཅིག་གྲོས་གཞི་ཡིས་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་ལ་ཁེ་ཕན་ཆེན་པོ་བསྐྲུན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོས་བཅོས་བསྒྱུས་སྒོ་འབྱེད་ཀྱི་ཉམས་མྱོང་ལོངས་སྤྱོད་བྱེད་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ལ་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་མཉམ་འབྲེལ་སྟེང་སྐབས་གཉིས་པའི་མཐོ་རིམ་གྲོས་ཚོགས་ལེགས་འགྲུབ་འབྱུང་བར་སྨོན་འདུན་ཞུས་པ་ཡིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།