ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཁུན་ནེ་ཡའི་ཙུང་ཐུང་ཁིན་ཡ་ཐྰ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124417465_15562078779071n.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལུ་གཞོན་པ་ཧན་ཀྲིན་གྱིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཁུན་ནེ་ཡའི་ཙུང་ཐུང་ཁིན་ཡ་ཐྰ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཁུན་ནེ་ཡའི་ཙུང་ཐུང་ཁིན་ཡ་ཐྰ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཁུན་ནེ་ཡའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་བཞིན་ཡོད།  དོན་དངོས་གཉེར་བའི་སྟེང་གྲུང་འབྲས་མི་དམན་པ་བླངས།  དེ་རིང་སྔ་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་གཉིས་ཀྱིས་མཇལ་འཕྲད་གནང་ཞིང་ཐུན་མོང་གི་ལྟ་ཚུལ་བྱུང་ཞིང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན།  ཀྲུང་གོ་ཕྱོགས་ཀྱིས་ནམ་ཡིན་ཡང་འཐབ་ཇུས་ཆེན་པོ་དང་མིག་རྒྱང་རིང་བས་ཀྲུང་གོ་དང་ཁུན་ནེ་ཡའི་འབྲེལ་བར་རེ་བལྟས་བྱས་ཡོད།

ཁིན་ཡ་ཐྰ་ཡིས་བསྟན་དོན།  ང་རང་ཀྲུང་གོར་ཡོང་སྟེ་རྒྱུད་གཅིག་ལམ་གཅིག་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོ་དང་ཁུན་ནེ་ཡ་དང་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་འབྲེལ་གྱིས་ཁུན་ནེ་ཡ་དང་ཧྥེ་གླིང་ས་ཁུལ་གྱི་རྒྱལ་ཁབ་གཞན་དག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་ཐོན་ཡོད། ཁུན་ནེ་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་ཁུན་ནེ་ཡ་གཉིས་ཀྱི་ཕྱོགས་སོ་སོའི་འབྲེལ་བ་གོམ་གང་མདུན་སྤོུས་ཀྱིས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ལ་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླིང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབ་བཟང་བོ་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།