ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡོ་ནན་གྱི་སྔོན་ཆད་ཀྱི་རྒྱལ་ཁབ་ཀྲུའུ་ཞི་ལིས་ཏི་དབྱིན་སྐུ་གཤེགས་པར་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་ལ་གློག་འཕྲིན་བཏང་ནས་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བཞི་ཉིན། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲང་ལ་གློག་འཕྲིན་བཏང་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་མཛད་དེ། ཡོ་ནན་གྱི་སྔོན་ཆད་ཀྱི་རྒྱལ་ཁབ་ཀྲུའུ་ཞི་ལིས་ཏི་དབྱིན་སྐུ་གཤེགས་པར་མྱ་ངན་གྱི་བསམ་པ་བསྟན་པར་མ་ཟད། འབྲེལ་ཡོད་ཁྱིམ་མིར་ཐུགས་ཁུར་ཟབ་བཞེས་ཀྱི་སྒོ་ནས་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་བཞེད་དོན། བློ་མཐུན་ལིས་ཏི་དབྱིན་གྱིས་ཡོ་ནན་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ལ་བྱས་རྗེས་ཆེན་པོ་བཞག་མྱོང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་འབད་འབུངས་ལྷོད་མེད་བྱས་མྱོང་། ཁོང་འདས་པ་ནི་ཡོ་ནན་མི་དམངས་ལ་མཚོན་ན་རླབས་ཆེན་གྱི་འགོ་ཁྲིད་མི་སྣ་ཞིག་ཤོར་སོང་བ་དང་། ཀྲུང་གོ་མི་དམངས་ལ་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཤོར་སོང་བ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།