ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལེ་ཀ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124415931_15562047065281n.jpg

ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལེ་ཀ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལེ་ཀ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་མོང་གོལ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡང་ཡིན། ཀྲུང་གོ་ཕྱོགས་ཀྱིས་བརྩེ་འབྲེལ་བཟོད་སྒོམ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་མོང་གོལ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་འཐབ་ཇུས་གྲོགས་པོ་དང་ཕན་ཚུན་ལ་ཁེ་ཕན་ཐོབ་པའི་མཉམ་ལས་ཀྱི་གྲོགས་པོ། ཕན་ཚུན་ལ་འབྲེལ་འདྲིས་དང་འགྲོ་འོང་བྱེད་པའི་མཛའ་མཐུན་གྲོགས་པོ། ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པའི་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་བྱེད་པར་མ་ཟད། ཧུར་ཐག་སྒོས་དུས་རབས་གསར་བའི་རེ་བ་དང་མཐུན་པའི་ཀྲུང་གོ་དང་མོང་གོལ་འབྲེལ་བ་གསར་སྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

1124415931_15562047065291n.jpg

1124415931_15562126137111n.jpg

ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལེ་ཀ་དང་གྲོས་མོལ་མཛད།

པ་ཐི་ཐུའུ་ལེ་ཀ་ཡིས་བཤད་རྒྱུར། མོང་གོལ་ཕྱོགས་ཀྱིས་མོང་གོལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་ཕྱོགས་དང་མཉམ་དུ་མ་འོངས་པའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་འབེན་ལ་འཆར་འགོད་བཟང་བོ་བྱེད་པ་དང་། འཕེལ་རྒྱས་བགྲོད་ལམ་གྱི་གྲོས་འགོ་བཏོན་པ་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་གཉིས་འབྲེལ་མཐུད་བྱས་ཏེ་ཉོ་ཚོང་དང་གློག་ཤུགས། ཞིང་ཕྱུགས་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་ས་གནས་ཀྱི་ལས་དོན་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལེ་ཀ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།