ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི1035ལ་འགན་འཁྲི་བདའ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན། སྣོད་བཅུད་ཁོར་ཡུག་པུས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་བཞི་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་ཡོངས་བསྒྲགས་རྩིས་སྤྲོད་གྱོད་གཞི་འགན་འཁྲི་བདའ་འདེད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་ཁྱོན་མི1035ཡི་འགན་འཁྲི་བདའ་འདེད་བཏང་བའི་ནང་ཐིང་རིམ་པའི་ལས་བྱེད་པ218དང་ཁྲུའུ་རིམ་པའི་ལས་བྱེད་པ571ཡོད་པ་རེད།

སྣོད་བཅུད་ཁོར་ཡུག་པུའི་འབྲེལ་ཡོད་འགན་འཁུར་བས་ཁག་བཞི་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བརྒྱད་ཀྱིས2017ལོའི་ཟླ8པ་ནས་ཟླ9པ་བར་ཅི་ལིན་དང་། ཀྲེ་ཅང་། ཧྲན་ཏུང་། ཧའེ་ནན། སི་ཁྲོན། བོད་ལྗོངས། མཚོ་སྔོན། ཤིན་ཅང་།(ཤིན་ཅང་གི་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཚུད་པ)སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྤེལ་བ་དང་འབྲེལ2017ལོའི་ཟླ12ནས2018ལོའི་ཟླ་དང་པོའི་བར་ལྟ་བཤེར་ཚུར་ལན་གྱི་ལས་འགན་ལེགས་གྲུབ་བྱུང་བ་དང་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་འགན་འཁྲི་བདའ་འདེད་ཀྱི་གནད་དོན89རྩིས་སྤྲད་དེ་ས་གནས་ཀྱིས་སྔར་བས་གནས་ཚུལ་ལ་ཞིབ་དཔྱད་བྱས་ནས་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་འགན་འཁྲི་བདའ་འདེད་ཀྱི་གནས་ཚུལ་ལ་བལྟས་ན། ཅི་ལིན་ཞིང་ཆེན་ལ་འགན་འཁྲི་བདའ་འདེད་བཏང་བའི་མི་གྲངས་མང་ཤོས་ཡིན་པ་དང་མི177ཟིན་ཡོད། དེ་བྱིངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ནི་ཧྲན་ཏུང་ལ་མི་163དང་། སི་ཁྲོན་ལ་མི་160 ཤིན་ཅང(པིང་ཐོན་ཚུད་པ)ལ་མི146(པིང་ཐོན་ལ་མི34) ཧའེ་ནན་ལ་མི135 ཀྲེ་ཅང་ལ་མི109 བོད་ལ་མི83 མཚོ་སྔོན་ལ་མི62བཅས་ཡོད་པ་རེད།

འགན་འཁྲི་བདའ་འདེད་བཏང་བའི་གནས་ཚུལ་ལ་བལྟས་ན། འགན་འཁྲི་བདའ་འདེད་བཏང་བའི་མི་སྣའི་ནང་མི296ལ་བསླབ་འདོམས་སྐུལ་ལྕག་བྱས་པ་དང་། མི(ཐེངས)773ལ་ཏང་ཁྲིམས་སྲིད་དོན་གྱི་ཆད་པ་བཅད་པ། མི2ཁྲིམས་འཛིན་ལ་རྩིས་སྤྲོད་བྱས་པ། དེ་མིན་མི10ལ་ཐག་གཅོད་བཅས་བྱས་ཡོད།

འགན་འཁུར་བ་དེས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱིས་འགན་འཁྲི་བདའ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་འགོ་ཁྲིད་ཀྱི་འགན་འཁྲི་དང་། དོ་དམ་གྱི་འགན་འཁྲི། ལྟ་སྐུལ་གྱི་འགན་འཁྲི་བཅས་ལ་བདའ་འདེད་གཏོང་རྒྱུར་མཐོང་ཆེན་བྱས་པ་དང་། ལྷག་པར་དུ་འགོ་ཁྲིད་གཙོ་བོའི་འགན་འཁྲི་མངོན་པར་བྱས་པ་དང་ཆབས་ཅིག འགན་འཁྲི་བདའ་འདེད་ཀྱི་ལས་དོན་ནང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་། འགན་དབང་གཅིག་གྱུར། ཚེ་གང་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ནན་ལ་ཞིབ་ཚགས་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། གཞན་ཡང་། འགན་འཁྲི་བདའ་འདེད་གཏོང་བའི་མི་སྣའི་ཁྱབ་ཚུལ་ནས་བལྟས་ན། ས་གནས་ཏང་ཨུད་དང་། ས་གནས་སྲིད་གཞུང་། ས་གནས་ཏང་ཨུད་དང་སྲིད་གཞུང་ཁོངས་གཏོགས་སྡེ་ཚན། གཞུང་ཁོངས་ཁེ་ལས་སོགས་ལ་ཁྱབ་ཡོད་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འབྲེལ་ཡོད་ཕྱོགས་ཁག་ལ་ཁྱབ་སྟེ་སྣོད་བཅུད་ཁོར་ཡུག་གི“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་མངོན་ཡོད་བཅས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།