ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གསར་འགྱུར་མཉམ་ལས་མནའ་འབྲེལ་གྱི་ལས་འཛིན་གྲོས་ཚོགས་སྐབས་དང་པོ་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གླག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། རྒྱུད་གཅིག་ལམ་གཅིག་གསར་འགྱུར་མཉམ་ལས་མནའ་འབྲེལ་གྱི་ལས་འཛིན་གྲོས་ཚོགས་སྐབས་དང་པོ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་དང་གོ་སྐབས་དང་གྲུབ་འབྲས་ནི་འཛམ་གླིང་ལ་དབང་བ་ཡིན། དེའི་ཁྲོད་དུ་ཞུགས་པའི་ཕྱོགས་སོ་སོས་ཞི་བདེ་མཉམ་ལས་དང་སྒོ་འབྱེད་བཟོད་སྒོམ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་ལམ་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་ཞི་བདེ་བགྲོད་ལམ་དང་དར་རྒྱས་བགྲོད་ལམ། སྒོ་འབྱེད་བགྲོད་ལམ། ལྗང་མདོག་བགྲོད་ལམ། གསར་སྐྲུན་བགྲོད་ལམ། དཔལ་ཡོན་བགྲོད་ལམ་བཅས་སུ་འགྱུར་བར་འཛུགས་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་རྗེས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོགས་པོའི་དྲ་རྒྱའི་བརྒྱུད་རིམ་ཁྲོད་དུ་སྨྱན་བྱད་ཀྱིས་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན། རྒྱུད་གཅིག་ལམ་གཅིག་གསར་འགྱུར་མཉམ་ལས་མནའ་འབྲེལ་གྱིས་རྒྱལ་ཁབ་སོ་སོའི་སྨྱན་བྱད་ལ་སྟབས་བདེ་བའི་བརྗེ་རེས་དང་མཉམ་ལས་ཀྱི་སྟེགས་བུ་ཞིག་འདོན་སྤྲོད་བྱས། ལས་འཛིན་ལས་ཁུངས་སོ་སོས་དར་ལམ་སྙིང་སྟོབས་དར་སྤེལ་བྱེད་པ་དང་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། སྲིད་ཇུས་འབྲེལ་འདྲིས་དང་སྒྲིག་ཆས་དང་ཉོ་ཚོང་མཉམ་འབྲེལ་བྱེད་པ་དང་། དམངས་སེམས་གཅིག་མཐུན་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱུད་གཅིག་ལམ་གཅིག་གི་གཏམ་རྒྱུད་ལེགས་པར་བརྗོད་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཐད་ལ་གླེང་ཕྱོགས་སྣང་ཚུལ་བཟང་བོ་སྐྲུན་དགོས་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་སྔར་ལས་མང་པོའི་རྒྱལ་ཁབ་ཀྱི་མང་ཚོགས་ལ་ཁེ་ཕན་སྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།