ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པའི་རྒྱལ་ཁབ་མང་པོའི་མཚོ་དམག་བྱ་འགུལ་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124404136_15559931686511n.jpg

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏའོ་ནས་གདན་དྲངས་པ་ལྟར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པའི་རྒྱལ་ཁབ་མང་པོའི་མཚོ་དམག་བྱ་འགུལ་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏའོ་ནས་གདན་དྲངས་པ་ལྟར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པའི་རྒྱལ་ཁབ་མང་པོའི་མཚོ་དམག་བྱ་འགུལ་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་མཇལ་འཕྲད་གནང་བ་དང་། ཀྲུང་གོ་སྲིད་གཞུང་དང་དམག་དཔུང་གི་ཚབ་མཛད་དེ་བྱ་འགུལ་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་མཚོ་དམག་དཔོན་དམག་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས། རྒྱ་མཚོ་ནི་ཚོང་ར་དང་ལག་རྩལ། ཆ་འཕྲིན། རིག་གནས་སོགས་མཉམ་ལས་བྱེད་པའི་སྦྲེལ་ཐག་ལྟ་བུ་ཞིག་ཡིན། ཀྲུང་གོས་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་མཉམ་སྐྲུན་བྱེད་པའི་གྲོས་འགོ་བཏོན་པ་ནི་མཚོ་ཐོག་མཉམ་སྦྲེལ་མཉམ་མཐུད་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་རིག་གནས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ། རྒྱ་མཚོར་བརྟེན་ནས་བདེ་སྐྱིད་སྐྲུན་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཀྲུང་གོའི་དམག་དཔུང་གིས་རྒྱལ་ཁབ་སོ་སོའི་དམག་དཔུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱ་མཚོའི་འཕེལ་རྒྱས་དང་དར་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

མཇལ་འཕྲད་མ་གནང་བའི་སྔོན་ལ། ཞི་ཅིན་ཕིང་གིས་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པའི་རྒྱལ་ཁབ་མང་པོའི་མཚོ་དམག་བྱ་འགུལ་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་མཉམ་དུ་པར་བླངས།

ཞུའུ་ཆི་ལེང་དང་ཏེན་ཞའོ་ཞང་། ཝེ་ཧྥིན་ཧི། ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།