ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་མཐོ་འབྲིང་སློབ་མར་འཕྲིན་ལན་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་དབྱི་ལིས་ནོ་ཀྲིག་ནའེ་ཨར་སི་བྱང་མའི་མཐོ་འབྲིང་སློབ་མར་འཕྲིན་ལན་བསྐུར་ཏེ། སློབ་མ་རྣམས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བའི་ཐད་ལ་བྱས་རྗེས་འཇོག་དགོས་པའི་སྐུལ་མ་བཏང་། དེའི་སྔོན་ལ་ནའེ་ཨར་སི་བྱང་མའི་མཐོ་འབྲིང་རྒྱ་ཡིག་འཛིན་གྲྭའི་སློབ་མ་བཞི་བཅུ་ལྷག་གིས་རྒྱ་ཡིག་གི་ལམ་ནས་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཞི་ཅིན་ཕིང་གི་བྱ་བ་དང་འཚོ་བའི་གནས་ཚུལ་དང་མི་སྒེར་གྱི་དགའ་ཕྱོགས་སོགས་ཞིབ་འདྲི་བྱས་པར་མ་ཟད། ཁོ་ཚོས་ད་ལྟ་རྒྱ་ཡིག་སློབ་སྦྱོང་བྱེད་ཀྱིན་ཡོད་པ་དང་ཀྲུང་གོའི་སྐད་དང་ཡི་གེ། རོལ་མོ་དང་བཟའ་བཏུང་སོགས་ལ་དགའ་མོས་བྱེད་ཀྱིན་ཡོད་ལ། གོ་སྐབས་ལྡན་ན་ཀྲུང་གོར་ཡོང་ནས་ལྟ་ཞིབ་དང་འཚམས་འདྲི་བྱེད་རྒྱུ་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་ནའེ་ཨར་སི་བྱང་མའི་མཐོ་འབྲིང་སློབ་མར་འཕྲིན་ལན་བསྐུར་བའི་ནང་གསུངས་རྒྱུར། ཁྱོད་ཚོས་ང་ལ་འཕྲིན་ཡིག་བསྐུར་བར་བཀའ་དྲིན་ཆེ་ཞུ་པ་དང་། བདག་གིས་འཕྲིན་ཡིག་ལས་ཁྱོད་ཚོ་རྒྱ་ཡིག་དང་ཀྲུང་ཧྭའི་རིག་གནས་ལ་དགའ་མོས་ཆེ་བ་ཚོར་བྱུང་། རྒྱ་ཡིག་སློབ་སྦྱོང་བྱས་ན་ཀྲུང་གོར་རྒྱུས་ལོན་ཟབ་མོ་བྱེད་ཐུབ་པ་དང་སྔར་ལས་མང་པོའི་ཀྲུང་གོའི་གྲོགས་པོ་ངོ་ཤེས་ཐུབ་པར་མ་ཟད། སྔར་ལས་མང་པོའི་རྒྱ་སྐད་བཤད་ཤེས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གྲོགས་པོ་ངོ་ཤེས་ཐུབ།  ཁྱོད་ཚོས་མུ་མཐུད་དུ་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཐད་ལ་འབད་བརྩོན་བྱས་ཏེ་གྲུབ་འབྲས་ཆེན་པོ་ལེན་རྒྱུ་ནི་བདག་གི་རེ་བ་ཡིན་ཟེར།

ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་བ་དེར་ནའེ་ཨར་སི་བྱང་མའི་མཐོ་འབྲིང་སློབ་མའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ། དགེ་སློབ་རྣམས་ཀྱིས་བཤད་རྒྱུར། འཕྲིན་ལན་བསྐུར་བ་དེའི་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ནི་འགྲོགས་བདེ་བཤིབ་བདེ་དང་ཕན་ཚུན་བར་བློ་ཁ་མཐུན་པ་ཞིག་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ན་གཞོན་ལོ་ཆུང་རྣམས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ཀྱིན་ཡོད་པའི་ཚོར་སྣང་ཆེན་པོ་སྐྱེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་བ་དེས་སྔར་ལས་མང་པོའི་ས་གནས་ཀྱི་སློབ་མ་རྣམས་ཀྱིས་རྒྱ་ཡིག་སློབ་སྦྱོང་བྱེད་པ་དང་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱེད་པར་སྐུལ་མ་གཏོང་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།