ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུབ་སྒྲུབ་ཐིན་གྱིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས་པ་མ་ཟད་བརྡ་སྦྱོར་སྤེལ་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་བསྟན་དོན། ལས་བྱེད་པའི་དཔྱད་ཞིབ་ནི་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་། ལས་བྱེད་པའི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྐུལ་སློང་དང་ལས་དོན་འཕེལ་རྒྱས་སུ་གཏོང་བར་་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། ལས་བྱེད་པའི་དཔྱད་ཞིབ་སྲོལ་ཡིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱས་ནས། དུས་རབས་གསར་བའི་ལས་བྱེད་པའི་དཔྱད་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས་ཟེར།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། ལས་བྱེད་པའི་དཔྱད་ཞིབ་སྲོལ་ཡིག་འགྲེམ་སྤེལ་བྱས་པ་དེས། ལས་བྱེད་པའི་དཔྱད་ཞིབ་ཀྱི་བཀོད་འདོམས་དང་ཕྱོགས་སྟོན། རོགས་འདེགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པས་རྣམ་པ་སྔར་ལས་བཟང་བོ་དང་སྤྱོད་ཚུལ་སྔར་ལས་བཟང་བོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་སྐུལ་སློང་བྱེད་པ། ཏང་ཡོངས་བློ་རྩ་གཅིག་སྒྲིལ་དང་འགུལ་སྐྱོད་གཅིག་གྱུར། གོམ་སྟབས་མཉམ་བསྒྱུར་སྒོས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

བརྡ་སྦྱོར་ནང་། རིམ་པ་སོ་སོའི་ཏང་ཨུས་ཏང་ཀྲུང་དབྱང་གི་དགོངས་དོན་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། ལས་བྱེད་པའི་དཔྱད་ཞིབ་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཟང་བོ་བྱེད་དགོས། ལངས་ཕྱོགས་བརྟན་པོས་ཆབ་སྲིད་ཚད་གཞི་ལས་བྱེད་པའི་དཔྱད་ཞིབ་བྱ་བ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ཀྱི་དཔྱད་ཞིབ་འབུར་དུ་ཐོན་པར་བྱས་ཏེ། རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པར་ཁག་ཐེག་བྱེད་དགོས། བཟང་ངན་བགར་བ་དང་ལེགས་པར་བྱ་དགའ་དང་ངན་པར་ཆད་གཅོད་བྱེད་པ། འགན་འཁྲི་ཕྲག་ཏུ་ལེན་པར་སྐུལ་སློང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་གཞི་རྩའི་ལས་འགན་དུ་བརྩི་བ་དང་། དཔྱད་ཞིབ་ནང་དོན་གྱི་དམིགས་ཚད་ལ་ལེགས་སྒྲིག་བྱེད་པ། དཔྱད་ཞིབ་རྣམ་པ་དང་བྱེད་ཐབས་ལེགས་བསྒྱུར་བྱེད་པ། དཔྱད་ཞིབ་གྲུབ་འབྲས་ཀྱི་བཀོལ་སྤྱོད་ཇེ་དྲག་ཏུ་གཏོང་བ། ཚད་ཆེས་ཆེ་བའི་སྒོ་ནས་རྒྱ་ཆེའི་ལས་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན་ཆེར་སྐྱེད་དེ། ཁག་ཁུར་ཡོད་པ་དང་བཅོས་བསྒྱུར་གསར་གཏོད། ལས་གཉེར་ལས་སྐྲུན་གྱི་ཁ་ཕྱོགས་གསལ་བོ་འཛུགས་པར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་བྱེད་པའི་དཔྱད་ཞིབ་སྲོལ་ཡིག་ཁྲོད་ཀྱི་གནས་ཚུལ་གལ་ཆེན་གྲོས་གཞི་ལག་བསྟར་བྱས་ནས། དུས་ལྟར་ཏང་ཀྲུང་དབྱང་ལ་སྙན་ཞུ་བྱེད་དགོས་པའི་རེ་བ་བཏོན།

ལས་བྱེད་པའི་དཔྱད་ཞིབ་སྲོལ་ཡིག་ལ་བསྡོམས་པས་ལེའུ་ང་བདུན་ཡོད།

ལས་བྱེད་པའི་དཔྱད་ཞིབ་སྲོལ་ཡིག་དེ་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགན་ཁུར་ནས་འགྲེལ་བཤད་བྱེད་པ་དང་། 2019ལོའི་ཟླ་བཞི་བའི་ཚེས་བདུན་ཉིན་ནས་ལག་བསྟར་བྱས། 1998ལོའི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགྲེམ་སྤེལ་བྱས་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་གནས་སྐབས་ཀྱི་གཏན་ཁེལ་དང2009ལོའི་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགྲེམ་སྤེལ་བྱས་པའི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་ཧྲིལ་བོའི་དཔྱད་ཞིབ་ཚོད་ལྟའི་བྱེད་ཐབས་གཉིས་དུས་མཉམ་དུ་བཀོལ་སྤྱོད་བྱེད་མཚམས་བཞག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།