ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོས་ཨུ་རུ་སི་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་ཕྱོགས་གཉིས་དང་ས་ཁུལ་གྱི་གནད་དོན་ཐད་ནས་གྲོས་མོལ་རྒྱ་ཆེར་སྤེལ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གཉིས་ཀྱིས་ཟླ་འདིར་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་དང་ས་ཁུལ་གྱི་གནད་དོན་ལ་གྲོས་མོལ་རྒྱ་ཆེར་བྱེད་རྒྱུ་རེད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགོད་པར་བསྟན་དོན། ཨུ་རུ་སི་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ནས་གྲོས་མོལ་བྱེད་རྒྱུ་མ་ཟད། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ས་ཁུལ་གྱི་མཉམ་ལས་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། གྲོས་གཞི་ཧ་ཅང་མང་བོ་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རང་ནུས་ཅི་ལྕོགས་ཀྱིས་འཕེལ་རིམ་དེར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ནས་འབྲེལ་འདྲིས་བྱེད་བཞིན་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་གནད་དོན་དེའི་ཐད་ནས་རོགས་ལས་བྱས་མེད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། བདེ་འཇགས་ལ་བསམ་བློ་བཏང་སྟེ་ཨུ་རུ་སིའི་ཕྱོགས་ཀྱིས་མིག་སྔར་ད་རུང་ཨུ་རུ་སི་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སའི་བྱེ་བྲག་གི་ས་གནས་དང་དུས་ཚོད་ཁྱབ་སྒྲོག་བྱས་མེད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།