ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་འགོ་འཛིན་བྱས་ཏེ་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧུའུ་ཁྲུན་ཧྭ་ཡིས་པེ་ཅིན་ནས་འགོ་འཛིན་བྱས་ཏེ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས། ཁོས་བསྟན་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་སྤོབས་པ་ཆེན་པོས་འགན་འཁྲི་དང་ལེན་བྱེད་པ་དང་བྱ་བ་སྣ་ཚོགས་ནན་ཏན་སྒོས་བསྒྲུབ་ནས། ཧུར་ཐག་སྒོས་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུ་དེ་ཆུ་ཚད་སྔར་ལས་མཐོ་ཞིང་ཁྱད་ཆོས་སྔར་ལས་ལྡན་པ་ཞིག་བསྒྲུབ་དགོས་ཟེར།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་བྱ་བ་དེ་མཇུག་མཐའི་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། ཁོངས་གཏོགས་ལས་ཁོངས་སོ་སོས་སྤྲོ་སེམས་ལྡན་ཞིང་སྤོབས་པ་ཆེར་བསྐྱེད་སྒོས་གྲ་སྒྲིག་བྱ་བ་སྣ་ཚོགས་གང་ལེགས་སྒོས་བསྒྲུབ་ནས་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་རྒྱུད་རིམ་ཡོངས་བདེ་བླག་ངང་ཡོང་བ་འགན་སྲུང་བྱེད་དགོས། གཅིག་བསྡུས་སྟོབས་ཤུགས་ཀྱིས་དོན་ཆེན་བསྒྲུབ་པའི་ལམ་ལུགས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ལས་ཁུངས་སོ་སོ་དང་ས་གནས་སོ་སོས་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་པར་ཤུགས་བསྣན་ནས། པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུ་བཟང་བོར་བསྒྲུབ་པའི་སྟོབས་ལྡན་མཉམ་ཤུགས་ཆགས་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།