ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཏོ་སྨི་ནི་ཁའི་དམངས་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124380738_15555081058891n.jpg

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏོ་སྨི་ནི་ཁའི་དམངས་གྲོས་ཁང་གི་གྲོས་དཔོན་ཁཱ་མ་ཆའོ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏོ་སྨི་ནི་ཁའི་དམངས་གྲོས་ཁང་གི་གྲོས་དཔོན་ཁཱ་མ་ཆའོ་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཀྲུང་གོ་དང་ཏོ་སྨི་ནི་ཁའི་བར་འབྲེལ་བ་བཙུགས་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མེ་ཏེ་ནཱ་གཉིས་ཀྱིས་མཉམ་དུ་བཏོན་པའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཆོད་གལ་ཆེན་ཡིན། ཀྲུང་གོར་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་གྱི་གྲོགས་པོ་བཟང་བོ་ཞིག་གིས་ཇེ་མང་དུ་སོང་བ་དང་། ཏོ་སྨི་ནི་ཁ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་རྒྱལ་ཁབ་བརྒྱ་དང་བདུན་ཅུ་ལྷག་གིས་གྲུབ་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འདྲེས་པར་བྱས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་པོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ལྟར། ཁྱབ་ཁོངས་སོ་སོའི་མཛའ་བརྩེའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མཉམ་དུ་ཀྲུང་གོ་དང་ཏོ་སྨི་ནི་ཁའི་འབྲེལ་བའི་མཛེས་སྡུག་གི་མ་འོངས་པ་བསྐྲུན་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། མིའི་རིགས་ཀྱི་ཡར་ཐོན་ལས་དོན་ཐད་འབད་འཐབ་བྱེད་རྒྱུ་དེ་ཡིན་ལ། དེ་ནི་ང་ཚོའི་ཕྱི་ནང་གི་སྲིད་ཇུས་གཏན་འབེབས་བྱེད་པའི་རྩ་བའི་འགོ་ཚུགས་ས་ཡིན། ང་ཚོས་ནང་ཕྱོགས་ནས་ཐུན་མོང་གི་འབྱོར་ཕྱུག་མངོན་འགྱུར་བྱེད་པ་དང་། ཕྱི་ཕྱོགས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སོ་སོས་ཞི་བདེ་མཉམ་སྤྱོད་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་ཡོངས་ཁྱབ་ཏུ་བདེ་འཇགས་ཡོང་ན། འཛམ་གླིང་ད་གཟོད་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཏུ་འགྱུར་ངེས། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཉེ་ལམ་པེ་ཅིན་ནས་འཚོག་རྒྱུ་ཡིན་པ་དང། དེས་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་ཐད་བྱས་རྗེས་གསར་བ་འཇོག་ངེས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཏོ་སྨི་ནི་ཁའི་རྒྱལ་ཚོགས་ཀྱི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་སྟེང་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་པ། ཁྲིམས་འཛུགས་ལྟ་སྐུལ་དང་རྒྱལ་སྐྱོང་སྲིད་འཛིན་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཁཱ་མ་ཆའོ་ཡིས་བསྟན་དོན། ཏོ་སྨི་ནི་ཁ་སྲིད་གཞུང་དང་རྒྱལ་ཚོགས། ཏང་ཁག་སོ་སོ་དང་མི་དམངས་ཀྱིས་ཀྲུང་གོའི་བར་འབྲེལ་བ་འཛུགས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕྱོགས་མང་པོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་ཁྱབ་ཁོངས་སོ་སོའི་བར་གྱི་གཉིས་ཕན་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་འདོན་དགོས། ཏོ་སྨི་ནི་ཁའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་འགྲོ་འོང་བརྗེ་རེས་ལ་ཤུགས་བསྣན་ནས། ཏོ་སྨི་ནི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།