ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་བར་འདུམ་ལམ་ལུགས་འཐུས་ཚང་དང་བར་འདུམ་སྤྱི་རྟོན་ནུས་ཤུགས་མཐོར་འདེགས་གཏོང་བའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་བར་འདུམ་ལམ་ལུགས་འཐུས་ཚང་དང་བར་འདུམ་སྤྱི་རྟོན་ནུས་ཤུགས་མཐོར་འདེགས་གཏོང་བའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས་པ་མ་ཟད། བརྡ་སྦྱོར་སྤེལ་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་འགའི་ནང་བསྟན་དོན། བར་འདུམ་ནི་རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་འགལ་རྩོད་ཐག་གཅོད་པའི་ལམ་ལུགས་ཡིན་ལ། རྒྱལ་སྤྱིའི་སྟེང་ཐུན་མོང་དུ་སྤྱོད་པའི་འགལ་རྩོད་ཐག་གཅོད་བྱེད་ཐབས་ཀྱང་ཡིན་ཟེར།

བསམ་འཆར་འགའི་ནང་། བར་འདུམ་ལས་ཁུངས་འཛུགས་པ་དང་སྐབས་བརྗེ་དང་འབྲེལ་བའི་བྱ་བ་ཚད་ལྡན་དུ་གཏོང་བ་དང་། བར་འདུམ་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་རྐྱ་འཕེར་བའི་སྒོ་ནས་བྱ་བ་བསྒྲུབ་པར་འགན་སྲུང་བྱེད་པ། དོ་བདག་གི་འདོད་བློ་རང་སྐྱོང་རྩ་དོན་ལག་བསྟར་བྱེད་པ། བར་འདུམ་འཕེལ་རྒྱས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱེད་པའི་སྤྱོད་ཚུལ་ཡོ་བསྲང་བྱེད་པ་སོགས་ཕྱོགས་ནས་བར་འདུམ་གྱི་བཅའ་ཁྲིམས་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། བར་འདུམ་ཨུ་ཡོན་ལྷན་ཁང་གི་སྤྱི་ཕན་རང་བཞིན་དང་ཁེ་ཕན་མི་སྙེག་པའི་ངོ་བོ་གཏན་ཁེལ་གསལ་བོ་བྱེད་པ་དང་། ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ནང་ཁུལ་གྱི་བཅོས་སྐྱོང་གྲུབ་ཚུལ་དང་དོ་དམ་རྐྱེན་སྲོལ་ལ་བཅོས་བསྒྱུར་བྱེད་པ་དང་འཐུས་ཚང་དུ་གཏོང་བ། བར་འདུམ་པའི་གདན་ཞུ་དང་དོ་དམ་བྱ་བར་ལེགས་བསྒྱུར་བྱས་ནས། བར་འདུམ་དྲུང་ཡིག་ལས་རིགས་ཅན་དང་ཆེད་ལས་ཅན་དུ་འཛུགས་སྐྲུན་བྱེད་དགོས། བར་འདུམ་ལམ་ལུགས་བཅོས་བསྒྱུར་གསར་གཏོད་མྱུར་དུ་སྤེལ་བ་དང་། བར་འདུམ་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་འདྲེས་པར་རྒྱབ་སྐྱོར་བྱེད་པ། མཉམ་འབྲེལ་དྲ་རྒྱ་སྟེང་གི་བར་འདུམ་འཕེལ་རྒྱས་སུ་བཏང་སྟེ། ལས་རིགས་ཀྱི་མཉམ་ལས་དང་བར་འདུམ་ཁུལ་ཁོངས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་སྒོ་འབྱེད་དང་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། བར་འདུམ་ཨུ་ཡོན་ལྷན་ཁང་གི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བ། ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་བར་འདུམ་ལས་ཁུངས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྲིད་གཞུང་གི་བར་འདུམ་བྱ་བའི་ཐད་ཀྱི་རྒྱབ་སྐྱོར་དང་ལྟ་སྐུལ་ནུས་ཤུགས་ཆེ་རུ་གཏོང་བ། ལས་རིགས་རང་གཅུན་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་གྱིས་ལྟ་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གཏན་ཁེལ་གསལ་བོ་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།