ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཐེབས་རྩས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར60ལས་བརྒལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་གི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད། “《བསམ་འཆར》ནང་ཁེ་ལས་འབྲིང་ཆུང་ལ་འཕྲད་པའི་དཀའ་གནད་དང་གནད་དོན་ལ་དམིགས་ཏེ་ཉེ་དུས་བཏོན་པའི་ནོར་ཁྲལ་དངུལ་རྩའི་སྲིད་ཇུས་དང་ཟུང་འབྲེལ་གྱིས་དམིགས་སའི་རང་བཞིན་དེ་བས་ཆེ་བ་དང་། དེ་བས་དངོས་འབྲེལ། དེ་བས་གོ་ཆོད་པ་བཅས་ཀྱི་བྱེད་ཐབས་གསར་པ23བཏོན་ནས་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ་སྣེ་ཁྲིད་ཀྱང་བྱས་ཡོད”ཅེས་ཚེས12ཉིན་འཚོགས་པའི་རྒྱལ་ཁབ་གསར་འགྱུར་གཞུང་དོན་ཐིང་གི་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་བཟོ་ལས་ཆ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ཝང་ཅང་ཕིང་གིས་བཤད།

《བསམ་འཆར》ནང་ཐེབས་རྩ་སྣ་ཚོགས་ཀྱིས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་བཏོན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་བཏོན་པས། མི་རྣམས་ཀྱིས་མིག་སྔའི་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཐེབས་རྩའི་གཉེར་སྐྱོང་གང་འདྲ་བྱེད་ཚུལ་ལ་དོ་སྣང་རྒྱ་ཁྱབ་བྱེད་ཀྱི་ཡོད། དོན་དེར་ཝང་ཅང་ཕིང་གིས། མིག་སྔར་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཐེབས་རྩར་ཡན་ལག་ཐེབས་རྩ4ཡོད་པ་དང་ཁས་ལེན་འཇལ་སྤྲོད་གཞི་ཁྱོན་སྒོར་དུང་ཕྱུར195ཟིན་ནས་ཁྱོན་རྣམ་གྲངས222ལ་མ་རྩ་བཏང་བ་དང་མ་རྩ་གཏོང་ཚད་སྒོར་དུང་ཕྱུར60ལས་བརྒལ་ཡོད། མ་རྩ་བཏང་བའི་རྣམ་གྲངས་གཙོ་བོ་འཛུགས་གྲབས་ཡོད་པ་དང་བཙུགས་མ་ཐག་པའི་དར་འཕེལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཡིན་པ་ལས་སྒྲིག་ཆས་རྩེ་གྲའི་བཟོ་སྐྲུན་དང་། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། སྐྱེ་དངོས་སྨན་རྫས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚུད་ཡོད། གོམ་སྟབས་རྗེས་མར་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཐེབས་རྩ་ཁྲོམ་ར་ཅན་དང་། ཀུང་སི་ཅན། ལས་རིགས་སྤྱི་གཉེར་བ་བཅས་ཀྱི་ལམ་བུར་སྐྱོད་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཐེབས་རྩའི་སྐུལ་འདེད་ཀྱི་ནུས་པ་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བར་སྐུལ་ཁྲིད་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་རྐང་དབང་མ་འཇོག་གི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་པ་ངོ་སྤྲོད་བྱས་པ་རེད།

ཁེ་ལས་འབྲིང་ཆུང“ཕྱིར་སྐྱོད”པར་རམ་འདེགས་བྱས་ནས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་ལ་དམིགས་ཏེ། 《བསམ་འཆར》ནང་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་སྒྲིག་གཞི་དང་མཐུན་ཚོགས་སོགས་ལ་ཆ་རྐྱེན་ཚང་བའི་རྒྱལ་ཁབ་དང་ས་ཁུལ་དུ“ཁེ་ལས་འབྲིང་ཆུང་ལྟེ་གནས”སྐྲུན་པའི་སྐུལ་ལྕག་བྱེད་དགོས་པ་བཏོན་ཡོད། བཟོ་ལས་ཆ་འཕྲིན་ཅན་པུའུ་ཁེ་ལས་འབྲིང་ཆུང་ཅུས་ཀྱི་ཅུས་ཀྲང་མ་ཤང་ཧུའེ་ཡིས་ཀྲུང་གོའི་ཁེ་ལས་འབྲིང་ཆུང་ལྟེ་གནས་བཙུགས་ན་ཁེ་ལས་འབྲིང་ཆུང་གི་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ལ་ཆེད་ལས་ཅན་གྱི་ཞབས་འདེགས་ཞུས་ནས་ཁེ་ལས་འབྲིང་ཆུང་ལ་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་དོ་དམ་ཆུ་ཚད་དང་ཉེན་ཁ་འགོག་པའི་འཇོན་ཐང་ཆེ་རུ་གཏོང་རོགས་བྱེད་པར་ཕན་པ་ཡོད། མིག་སྔར་ཀྲུང་གོའི་ཁེ་ལས་འབྲིང་ཆུང་ལྟེ་གནས་དང་པོ་དེ་འཇར་མན་གྱི་པེར་ལིན་དུ་གཉེར་སྐྱོང་བྱེད་བཞིན་ཡོད་ཅེས་འགྲེལ་བཤད་བྱས།

སྲིད་ཇུས་བཟང་པོའི་འགག་རྩ་དོན་འཁྱོལ་ལ་ཐུག་ཡོད། ཝང་ཅང་ཕིང་གིས་གོམ་སྟབས་རྗེས་མར《བསམ་འཆར》ནང་གི་ལས་འགན་ཁག་བགོས་ལ་དམིགས་ཏེ། འགན་འཁྲི་སྔར་བས་ཁ་གསལ་དུ་གཏོང་བ་དང་བྱེད་ཐབས་ཞིབ་ཕྲ་རུ་གཏོང་བ་དང་ཆབས་ཅིག་ལས་ཀར་ལྟ་སྐུལ་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་ཁག་གི་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།