ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཚམས་འདྲི་མཇུག་རྫོགས་ནས་ཕྱིར་པེ་ཅིན་དུ་ལོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ གིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་ཉེར་གཅིག་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བརྒྱད་པར་ཞུགས་པ་མ་ཟད་ཁི་ལོ་ཏེ་ཡར་དངོས་གཞི་འཚམས་འདྲི་བྱེད་པའི་ལས་འགན་མཇུག་བསྒྲིལ་རྗེས། ཆེད་གཏོང་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིན་དུ་ཐོན།

ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་དང་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥུན་སོགས་འགྲོ་རོགས་མི་སྣ་ཡང་གནམ་གྲུ་གཅིག་ལ་བསྡད་དེ་ཕྱིར་པེ་ཅིན་དུ་ཐོན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།