ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་པུ་རུ་སེར་ནས་པི་ལི་ཧྲིའི་དབུ་བཞུགས་བློན་ཆེན་མུས་ཞེ་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུ་རུ་སེར་ནས་པི་ལི་ཧྲིའི་དབུ་བཞུགས་བློན་ཆེན་མུས་ཞེ་ཨར་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་དེང་སྐབས་ཀྱི་ཀྲུང་གོ་དང་པི་ལི་ཧྲིའི་འབྲེལ་བར་གདེང་འཇོག་ཆེན་པོ་གནང་། 

ཁོང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་པི་ལི་ཧྲི་ནས་ཀྲུང་གོའི་ཚོང་རའི་དགོས་མཁོ་དང་མཐུན་ཞིང་ཟུར་སྣོན་རིན་ཚད་མཐོ་བའི་ཐོན་རྫས་ནང་འདྲེན་བྱེད་ཚད་རྒྱ་བསྐྱེད་འདོད་ཡོད་པ་དང་། པི་ལི་ཧྲི་ཕྱོགས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་པར་དགའ་བསུ་ཞུ་བ་ཡིན། པི་ལི་ཧྲི་ཡིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཐད་ལ་མུ་མཐུད་དུ་ནུས་པ་ཆེན་པོ་འདོན་པར་རེ་སྒུག་བྱས་ཡོད་ཟེར།

མུས་ཞེ་ཨར་གྱིས་བཤད་རྒྱུར། པི་ལི་ཧྲི་ཡིས་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།