ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་པི་ལི་ཧྲིའི་རྒྱལ་ས་པུ་རུ་སེར་རུ་ཐོན་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་་ཐེངས་ཉེར་གཅིག་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པི་ལི་ཧྲིའི་རྒྱལ་ས་པུ་རུ་སེར་རུ་ཐོན་ཏེ་ཚེས་དགུ་ཉིན་ཚོགས་པའི་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་་ཐེངས་ཉེར་གཅིག་པར་ཞུགས།

ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧོང་དང་རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་སོགས་ལིས་ཁི་ཆང་དང་ལྷན་དུ་ས་དེར་ཐོན། ཡོ་རོབ་གླིང་མནའ་འབྲེལ་དང་པི་ལི་ཧྲིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཚོགས་པའི་ཚོགས་གཙོ་ཀྲང་མེན། པི་ལི་ཧྲི་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚོ་ཀྲུང་མེན་སོགས་ཀྱིས་གནམ་གྲུ་ཐང་དུ་བསུ་མ་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྒྲིལ་དང་དར་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ། ཡོ་རོབ་གླིང་གིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་ཡིན། དེང་སྐབས་ཀྱི་གནས་བབ་འོག་ཏུ་ང་ཚོས་ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་མཐུན་སྦྱོར་མཉམ་ལས་བྱེད་པར་ཤུགས་སྣོན་ཞིང་སྣ་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འཛམ་གླིང་རང་བཞིན་དང་འཐབ་ཇུས་རང་བཞིན་ཇེ་དྲག་ཏུ་བཏང་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།