ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124340702_15547268940571n.jpg

ཟླ་བཞི་བའི་ཚེས་བརྒྱད་ཉིན།  ཞི་ཅིན་ཕིང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་རླངས་འཁོར་ལ་བཞུགས་ཏེ་པེ་ཅིན་གྲོང་ཁྱེར་ཐུང་ཀྲིག་ཆུས་ཡུང་ཧྲོན་གྲོང་རྡལ་དུ་ཕེབས་ནས་རྒྱལ་སའི་མང་ཚོགས་དང་ལྷན་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

1124340702_15547268715781n.jpg

1124340702_15547298724761n.jpg

ཟླ་བཞི་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་མ་དང་མཉམ་དུ་སྡོང་བོ་འཛུགས་བཞིན་ཡོད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས། ཀྲུང་ཧྭ་མི་རིགས་སྡོང་འཛུགས་ལ་དགའ་ཞིང་སྡོང་བོ་འཛུགས་པ་དང་སྡོང་བོ་སྲུང་སྐྱོབ་བྱེད་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ཏེ། རྒྱལ་ཡོངས་མི་དམངས་ལ་སྐུལ་སློང་བྱེད་པ་དང་སྤྱི་ཚོགས་ཡོངས་སྡོང་འཛུགས་ནགས་སྐྲུན་ཁྲོད་དུ་ཞུགས་དགོས་ལ། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས་རྒྱལ་ཁོངས་ལྗང་སྒྱུར་ཐད་ནས་མུ་མཐུད་དུ་གྲུབ་འབྲས་ངོ་མ་ལེན་དགོས་ཞེས་ནན་གྱིས་བསྟན།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ལྷན་དུ་རླངས་འཁོར་ལ་བཞུགས་ཏེ་པེ་ཅིན་གྲོང་ཁྱེར་ཐུང་ཀྲིག་ཆུས་ཡུང་ཧྲོན་གྲོང་རྡལ་དུ་ཕེབས་ནས་རྒྱལ་སའི་མང་ཚོགས་དང་ལྷན་དང་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

ཞི་ཅིན་ཕིང་རླངས་འཁོར་ལས་བབས་མ་ཐག་ཏུ་ལྕགས་ཁེམ་བཟུང་སྟེ་སྡོང་འཛུགས་བྱེད་སར་ཕེབས། གནས་དེ་ན་སྡོང་བོ་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཞི་མཐོང་རྗེས་འཕྲོ་རིམ་འཕྲོར་ཀྲུའུ་ཞི་ལགས་ལ་འཚམས་འདྲི་བྱས་པ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་བརྡ་གནང་ནས་གུས་སེམས་བསྟན། རྗེས་སུ་ཞི་ཅིན་ཕིང་གིས་པེ་ཅིན་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་འགན་འཁུར་བ་དང་དེ་མིན་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས། ལོ་ཆུ་གདོང་ལེན་རུ་མི་བཅས་དང་མཉམ་དུ་སྡོང་བོ་བཙུགས། སྡོང་བོ་འཛུགས་པའི་བར་གསེང་དུ་ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་གླེང་མོལ་མཛད། ཁོང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ལ་གནའ་ནས་བཟུང་སྡོང་བོ་འཛུགས་པར་དགའ་བ་དང་སྡོང་བོ་འཛུགས་པ། སྡོང་བོ་སྲུང་སྐྱོབ་བྱེད་པའི་སྲོལ་རྒྱུན་བཟང་བོ་ཡོད་པས། རྒྱལ་ཡོངས་མི་དམངས་ལ་སྐུལ་སློང་བྱེད་པ་དང་སྤྱི་ཚོགས་ཡོངས་དེའི་ཁྲོད་དུ་ཞུགས་དགོས་ལ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་བཏོན་ཏེ་རྒྱུན་འཁྱོངས་ལྷོད་མེད་སྒོས་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་དགོས། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚོའུ། རྩྭ་ས་བཅས་གོ་རིམ་ལྡན་པར་བཅོས་སྐྱོང་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་ལ། ཡུལ་བབ་དང་བསྟུན་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་རྒྱུན་མཐུད་སྒོས་ནགས་ཚལ་གྲོང་ཁྱེར་དང་ནགས་ཚལ་ཞང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ཏེ་དུས་ཚིགས་བཞི་ལ་སྔོ་ལྗང་དང་མེ་ཏོག་བཞད་པའི་རྣམ་པ་སྲུང་འཛིན་བྱེད་པ་དང་། ལྗང་སྒྱུར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ནགས་ཚལ་ལ་དོ་དམ་དང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁོངས་ལྗང་སྒྱུར་ཐད་ནས་མུ་མཐུད་དུ་གྲུབ་འབྲས་ངོ་མ་ལེན་དགོས་ཟེར།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་སོགས་སྡོང་འཛུགས་བྱ་འགུལ་ལ་ཞུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།