ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཧ་སག་སི་ཐན་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124340636_15547292679651n.jpg

ཟླ་བཞི་བའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་ཙི་ཀོང་ཀི་ནས་ཧ་སག་སི་ཐན་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཞི་མོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་ཙི་ཀོང་ཀི་ནས་ཧ་སག་སི་ཐན་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཞི་མོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནམ་ཡང་ཆུ་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་དང་པོ་ན་ཀྲ་ཨེར་པཱ་ཡེ་ཧྥུའུ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་དང་སྐུལ་འདེད་འོག ཕྱོགས་གཉིས་ཀྱི་མཐོ་རིམ་བརྗེ་རེས་དམ་ཞིང་ཟབ་ལ། ཆབ་སྲིད་རྟོན་རེས་སྲ་བརྟན་ཡིན་པ་དང་། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ལ། རྒྱལ་སྤྱིའི་མཉམ་ལས་ཀྱི་གྲུབ་འབྲས་ཧ་ཅང་བཟང་བ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་ནས་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཙུང་ཐུང་གསར་བ་ཐའོ་ཁ་ཡེ་ཧྥུའུ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་སྣེ་ཁྲིད་འོག ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ནས་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

མཱ་ཞི་མོ་ཧྥུའུ་ཡིས་བསྟན་དོན། ཧ་སག་སི་ཐན་དང་ཀྲུང་གོ་ནི་ཁྱིམ་མཚེས་གྲོགས་པོའི་འབྲེལ་བ་ཡིན་ལ། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཧ་སག་སི་ཐན་གྱི་ཕྱི་ཕྱོགས་འབྲེལ་བའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཡང་དག་ཡིན། ཧ་སག་སི་ཐིན་དང་ཀྲུང་གོ་གཉིས་ཀྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།