ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་གྱིས་མུ་ལིའི་ནགས་ཚལ་མེ་གསོད་གནོད་སྐྱོབ་ཁྲོད་དཔའ་ངར་ཆེན་པོས་སྐུ་གཤེགས་པའི་སྔོན་གཤེགས་དཔའ་པོར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་དང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཧན་ཀྲེང་བཅས་ནས་མེ་ཏོག་ཕྲེང་བ་ཕུལ་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

སི་ཁྲོན་མུ་ལིའི་ནགས་ཚལ་མེ་གསོད་གནོད་སྐྱོབ་ཁྲོད་དཔའ་ངར་ཆེན་པོས་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུ་བའི་བྱེད་སྒོ་སྤྱི་ཚེས་༤ཉིན་ཞི་ཁྲང་དུ་གཉེར་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་སྔོན་གཤེགས་དཔའ་བོ་30ལ་མེ་ཏོག་ཕྲེང་བ་ཕུལ་གནང་ཡོད། རྒྱལ་དོན་ཨུ་ཡོན་ཝང་ཡོང་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། མེ་གསོད་དམག་འཐབ་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་མཁན་གྱི་སྔོན་གཤེགས་དཔའ་བོ་ཚོར་མྱ་ངན་ཟབ་མོ་ཞུས་གནང་བ་དང་། སྔོན་གཤེགས་དཔའ་བོའི་སྤུན་ཉེར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་ཡོད། མེ་གསོད་གནོད་སྐྱོབ་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་བླ་ན་མེད་པའི་གུས་འདུ་ཞུས་གནང་ཡོད་པ་རེད།

3.jpg

མྱ་ངན་ཞུ་བའི་བྱེད་སྒའི་ས་ཆ་དངོས་སུ། རྔམ་བརྗིད་ལྡན་པ་དང་། མྱ་ངན་ཞུ་བའི་རོལ་དབྱང་སྒྲོག་བཞིན་ཡོད། ཀྲུའུ་ཞི་སྟེགས་བུའི་དབུས་སུ་སྔོན་གཤེགས་དཔའ་བོ་སུམ་ཅུའི་སྐུ་པར་བཀལ་ཡོད། གཞོགས་གཉིས་ལ་རིམ་ཁག་འགོ་ཁྲིད་པ་དང་འབྲེལ་ཡོད་ཚན་པ། མི་རིགས་ཁག་གི་མང་ཚོགས་བཅས་ནས་ཕུལ་བའི་མེ་ཏོག་ཕྲེང་བ་དང་མེ་ཏོག་སི་ར་བཞག་ཡོད།

4.jpg

སྔ་དྲོའི་ཆུ་ཚོད་10དང་སྐར་མ་40ཐོག མྱ་ངན་ཞུ་བའི་བྱེད་སྒོ་འགོ་ཚུགས་ཡོད། ས་ཆ་དངོས་སུ་ཡོད་པའི་མི་སྣ་ཚང་མས་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོའི་ཆེད་ངག་བསྡམས་ནས་མྱ་ངན་ཞུས་ཏེ། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་ལུགས་མཚོན་པར་བྱས་ཡོད། སི་ཁྲོ་མུ་ལིའི་ནགས་ཚལ་མེ་སྐྱོན་ནང་ནགས་ཚལ་མེ་ཟོན་རུ་མི་27དང་ས་གནས་ཀྱི་ལས་བྱེད་མང་ཚོགས་3སྐུ་གཤེགས་ཡོད། འཕྲལ་བསྟུན་དོ་དམ་པུའུ་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་འགན་འཁུར་བློ་མཐུན་ནས་སྔ་རྗེས་སུ་སྔོན་གཤེགས་དཔའ་བོར་དཔྱད་འདེམས་གཏན་འཁེལ་བྱས་པ་དང་། བྱས་རྗེས་རིམ་པ་དང་པོ་རྗེས་སྤྲོད་བྱས་པ། ཀྲུང་གུང་ཏང་ཡོན་ཡིན་པའི་ཁས་ལེན་བྱས་པ་བཅས་སྐོར་གྱི་མཆན་བཀོད་བཀའ་ལན་དང་བཀའ་རྒྱ་སྒྲོག་སྦྱངས་གནང་ཡོད། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་3000ཙམ་མྱ་ངན་ཞུ་བའི་བྱེད་སྒོ་ཞུགས་ཞིང་། འཕྲལ་བསྟུན་དོ་དམ་པུས་པུའུ་ཡོད་སའི་ལས་ཁུངས་སུ་མྱ་ངན་ཞུ་སའི་ཚོམས་ཆེན་བཀོད་སྒྲིག་བྱས་ཏེ། དུས་མཚུངས་སུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ཡོད་པ་རེད།

5.jpg

སྤྱི་ཚེས་༤ཉིན་གྱི་ཕྱི་དྲོ། མུ་ལི་རྫོང་ནགས་ལས་ཅུས་ཀྱི་ལས་དོན་མི་སྣས་ཡ་ལོང་ཅང་གྲོང་བརྡལ་ལི་འར་གྲོང་ཚོའི་ས་ཆ་ཞིག་ཏུ་ནགས་བཟོ་དོ་དམ་སྲུང་སྐྱོབ་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་ཝང་ཧུའེ་རོང་གི་སྐུ་ཕུང་རྙེད་ཡོད་པས། དེ་བར། མུ་ལིའི་ནགས་ཚལ་མེ་གསོད་གནོད་སྐྱོབ་ནང་ཞུགས་མཁན་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་31བར་མང་དུ་ཕྱིན་ཡོད་པ་རེད།

6.jpg

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།