ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་སྤྱི་ཚོགས་ཉེན་སྲུང་འགན་ལེན་དངུལ་ཇེ་དམའ་རུ་གཏོང་བའི་བྱ་བའི་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124324181_15542952567431n.jpg

ཟླ་བཞི་བའི་ཚེས་གསུམ་ཉིན། སྤྱི་ཚོགས་ཉེན་སྲུང་འགན་ལེན་དངུལ་ཇེ་དམའ་རུ་གཏོང་བའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚོགས་ཉེན་སྲུང་འགན་ལེན་དངུལ་ཇེ་དམའ་རུ་གཏོང་བའི་བྱ་བའི་གྲོས་ཚོགས་ཟླ་བཞི་བའི་ཚེས་གསུམ་ཉིན་པེ་ཅིན་ནས་ཚོགས། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཚོགས་ཉེན་སྲུང་འགན་ལེན་དངུལ་ཇེ་དམའ་རུ་གཏོང་བ་དང2019ལོའི་ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་སྲུང་དངུལ་ལ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པ་སོགས་ཀྱི་བྱ་བ་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། སྤྱི་ཚོགས་ཉེན་སྲུང་འགན་ལེན་དངུལ་ཇེ་དམའ་རུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་སྤྱི་ཚོགས་ཉེན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ། དེས་སྤྱི་ཚོགས་འགན་སྲུང་མ་དངུལ་གྱི་ཐེག་ཚད་དང་རྒྱུན་མཐུད་རང་བཞིན་ལ་བསམ་གཞིགས་གང་ལེགས་བཏང་ཡོད་པ་དང་། བཀོལ་ཆོག་རང་བཞིན་དང་ལག་བསྟར་རང་བཞིན་ལྡན། ས་ཁུལ་སོ་སོ་འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སེམས་ཞིབ་མོས་རྩ་འཚུགས་དང་ལག་བསྟར་བྱེད་པ། དོན་བཟང་དངོས་སུ་བསྒྲུབ་པ་དང་། དོན་དངོས་བཟང་བོར་བསྒྲུབ་ནས། ཁེ་ལས་ཀྱི་སྤྱི་ཚོགས་ཉེན་སྲུང་འགན་ལེན་དངུལ་སྤྲོད་པའི་ཐད་ཀྱི་ཁུར་བོ་དངོས་གནས་ཇེ་ཡང་དུ་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོས་གཞི་རྩའི་རྒན་གསོ་ཉེན་སྲུང་སྡེ་ཁག་གི་དངུལ་སྤྲོད་བསྡུར་ཚད་བརྒྱ་ཆའི་བཅུ་དྲུག་ཏུ་ཇེ་དམའ་རུ་གཏོང་བའི་རེ་བ་ལག་བསྟར་བཟང་བོ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རང་ས་གནས་ཀྱི་ཉེན་སྲུང་འགན་ལེན་དངུལ་ཇེ་དམའ་རུ་གཏོང་བའི་བྱེ་བྲག་གི་ཇུས་གཞི་གཏན་འབེབས་བྱེད་དགོས། རྒན་གསོ་ཉེན་སྲུང་གི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་མྱུར་དུ་སྤེལ་བ་དང་། རིམ་པ་བཞིན་རྒན་གསོ་ཉེན་སྲུང་སྲིད་ཇུས་གཅིག་གྱུར་བྱས་ཏེ། རྒྱལ་ཡོངས་ཀྱིས་གཅིག་གྱུར་འཆར་འགོད་བྱེད་པའི་ཐད་ཆ་རྐྱེན་བཟང་བོ་བསྐྲུན་དགོས། རྒན་གསོ་དངུལ་ནི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་བའི་སྲོག་སྐྱོབ་དངུལ་ཡིན་པས། མ་དངུལ་འགན་སྲུང་དང་རྒན་གསོ་དངུལ་སྟེར་བའི་བྱ་བ་བརྟན་བརླིང་ངང་བསྒྲུབ་ནས། རྒྱ་ཆེའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་བའི་རྒན་གསོ་དངུལ་དུས་ལྟར་དང་ཚད་ལོངས་པའི་སྒོ་ནས་སྟེར་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧྭས་གྲོས་ཚོགས་ལ་འགོ་མཛིན་བྱས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུའུ། ཅི་ལེན་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན། ཁྲུང་ཆིན་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་གཏམ་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།