ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་རྒྱལ་ཡོངས་དམངས་འཐུས་་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚེས་གསུམ་ཉིན་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དངོས་ལ་ཟུང་འབྲེལ་བྱས་ནས། ལག་བསྟར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བསམ་བློའི་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། བཅོས་བསྒྱུར་གཏན་འཇགས་ཀྱི་ཁྲིམས་སྐྱོང་དགོས་མཁོར་གཅིག་གྱུར་འཆར་འགོད་བྱས་ཡོད་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འཆར་གཞི་ལ་འཆར་འགོད་དང་བྱ་བ་གཙོ་བོའི་ལས་འགན་གཏན་ཁེལ་གསལ་བོ་བྱས་ཡོད་ལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམ་དུ་དམིགས་ནས་འགན་དབང་བཀོལ་སྤྱོད་བྱེད་པ། ནམ་ཡང་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་སྐྱིད་ཇེ་བརྟན་དུ་གཏོང་རྒྱུ་དེ་དམངས་ཆེན་བྱ་བའི་འགོ་འཛུགས་ས་དང་རྐང་ཚུགས་ས་རུ་བྱས་ནས། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམངས་ཆེན་གྱི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་ཀྱི་འགན་འཁྲི་ལས་འགན་ལ་རྒྱུས་ལོན་ཡང་དག་བྱེད་དགོས། ཏང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། བཅའ་ཁྲིམས་བཟང་བོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་ལ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྨང་གཞི་བརྟན་པོ་འདིངས་དགོས། ཁྲིམས་འཛུགས་རྟོག་ཞིབ་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་ཀྱི་འགལ་རྐྱེན་དང་གནད་འགག་འཚོལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་ཁྲིམས་སྐྱོང་གི་དགོས་མཁོ་ཁོང་དུ་ཆུད་པར་བྱས་ནས། ཁྲིམས་སྐྱོང་ལ་བརྟེན་ནས་སྲིད་གཞུང་དང་ཚོང་རའི་མཐའ་མཚམས་ཚད་ལྡན་དུ་བསྒྱུར་བ་དང་། ཕྱོགས་སོ་སོའི་ཁེ་ཕན་འབྲེལ་བ་ལེགས་སྒྲིག་བྱེད་དགོས། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་སོ་སོའི་བསམ་ཚུལ་ལ་ཉན་ནས།ཚད་ཆེས་ཆེ་བའི་སྒོ་ནས་ཁྲིམས་འཛུགས་ཐད་ཀྱི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་དགོས། ཁྲིམས་འཛུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། འཆར་ཟིན་འགོད་པའི་བྱ་བ་བཟང་བོར་བསྒྲུབ་པ། གྲོས་འཆམ་བྱེད་པར་སྤྲད་པའི་བཅའ་ཁྲིམས་འཆར་ཟིན་ལ་མྱུར་དུ་བཟོ་བཅོས་བྱེད་པ། ཅུང་འཐུས་ཚང་ཡིན་པའི་བཅའ་ཁྲིམས་འཆར་ཟིན་ལ་དུས་ལྟར་གྲོས་ཞིབ་བྱས་ནས་གྲོས་འཆམ་འགོད་པ་ལས། འགོར་འགྱངས་བྱེད་མི་རུང་ཟེར། 

ཝང་ཁྲིན་དང་ཚའོ་ཅན་མེན། ཀྲུང་ཁྲུན་ཞན། ཅི་པེན་ཞོན། ཨེར་ལི་ཀུན་དབྱི་མེན་པཱ་ཧའེ། ཝང་ཏུང་མེན། པད་མ་འཕྲིན་ལས། དབྱང་ཀྲིན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།