ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གནད་དོན་འགའ་ཞེས་པའི་རྩོམ་ཡིག་གལ་ཆེན་ཞིག་བཀོད།

    སྤེལ་དུས། : 2019-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས1ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བདུན་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གནད་དོན་འགའ་ཞེས་པའི་རྩོམ་ཡིག་གལ་ཆེན་ཞིག་བཀོད།

རྩོམ་ཡིག་ནང་བསྟན་དོན། ང་ཚོ་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་དེ་བཅོས་སྒྱུར་སྒོ་འབྱེད་སྔོན་དང་བཅོས་སྒྱུར་སྒོ་འབྱེད་རྗེས་ཀྱི་ལོ་རྒྱུས་དུས་རིམ་གཉིས་སུ་བགོས་ཡོད་པ་དང་། དེ་ནི་ཕན་ཚུན་འབྲེལ་བ་ཡོད་ལ་ཁྱད་པར་ཡང་ཡོད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ངོ་བོ་ཐད་ནས་ཚང་མ་ང་ཚོ་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་འཚོལ་ཞིབ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དུས་སྐབས་གསར་བར་གསར་སྐྲུན་བྱས་པ་ཡིན། ཡིན་ནའང་ཀྲུང་གོ་གསར་བར་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་ཟིན་པར་མ་ཟད་ལོ་ཉི་ཤུ་ལྷག་གི་རིང་ལ་འཛུགས་སྐྲུན་བྱས་པའི་རྨང་གཞིའི་སྟེང་གསར་སྐྲུན་བྱས་པ་ཡིན། ལོ་རྒྱུས་དུས་སྐབས་དེ་གཉིས་ཀྱི་ནང་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པའི་བསམ་བློའི་མཛུབ་སྟོན་དང་བྱེད་ཕྱོགས་སྲིད་ཇུས། དོན་དངོས་བྱ་བའི་ཐད་ནས་ཁྱད་པར་ཆེན་པོ་ཡོད་ནའང་། དེ་གཉིས་ཕན་ཚུན་ལ་འབྲེལ་བ་ཡོད་པར་མ་ཟད་ཁ་གཏད་དུ་གནས་པ་ཞིག་གཏན་ནས་མིན།  བཅོས་སྒྱུར་སྒོ་འབྱེད་རྗེས་ཀྱི་ལོ་རྒྱུས་དུས་སྐབས་ལ་བརྟེན་ནས་བཅོས་སྒྱུར་སྒོ་འབྱེད་སྔོན་གྱི་ལོ་རྒྱུས་དུས་སྐབས་ལ་ཐག་གཅོད་བྱེད་མི་རུང་ལ།   བཅོས་སྒྱུར་སྒོ་འབྱེད་སྔོན་གྱི་ལོ་རྒྱུས་དུས་སྐབས་ལ་བརྟེན་ནས་བཅོས་སྒྱུར་སྒོ་འབྱེད་རྗེས་ཀྱི་ལོ་རྒྱུས་དུས་སྐབས་ལ་ཐག་གཅོད་བྱེད་མི་རུང་ཟེར།

རྩོམ་ཡིག་ནང་བསྟན་དོན། མར་ཁེ་སི་རིང་ལུགས་ནི་དུས་རབས་དང་ལག་ལེན། ཚན་རིག་བཅས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་སུ་གཏོང་དགོས་པ་ལས་འགྱུར་བ་ཅུང་ཙམ་མེད་པ་དཔེ་མི་སྲིད། སྤྱི་ཚོགས་རིང་ལུགས་ནི་གནའ་ནས་བཟུང་གསར་གཏོད་ཁྲོད་དུ་མདུན་སྐྱོད་བྱས་པ་ཡིན། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་ན་ངེས་པར་དུ་འཕེལ་རྒྱས་ཀྱི་ལྟ་བ་ཡོད་དགོས། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་འགྱུར་མིན་ལ་ལ་ངོས་འཛིན་གསལ་བོ་བྱེད་དགོས་པར་མ་ཟད་བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཟབ་སྤེལ་བྱེད་པ་དང་རིགས་གཞུང་གསར་སྐྲུན་དང་ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ལ་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།