ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། རྒྱལ་སའི་ལས་རིགས་ཁག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཡིའུ་ཆོན་གྱིས་ད་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”གཏན་འཁེལ་བྱས་ནས་ལོ་10འཁོར་བའི་ལོ་ཞིག་ཀྱང་རེད། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པའི་གདམ་ག་གལ་ཆེན་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རླབས་ཆེན་གསར་གཏོད་ཅིག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་བཅས་རེད། ལོ་60ཡི་རིང་། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་བོད་འདི་ཉིད་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་ཕྱོགས་སུ་རླབས་ཆེན་གྱི་མཆོང་སྐྱོད་བྱུང་བ་མ་ཟད། བྱ་གཞག་ཁག་ལ་གྲུབ་འབྲས་འོད་སྟོང་འབར་བ་ཐོབ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཡིའུ་ཆོན་གྱིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གིས་བོད་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་དོན་གཉེར་བྱེད་པ། ནུས་ཤུགས་ཡོད་རྒུས་བོད་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པ། ནུས་ཤུགས་ཡོད་རྒུས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ཐད་སེམས་ནུས་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

བཞུགས་མོལ་ཚོགས་འདུ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། བཅིངས་འགྲོལ་དམག་གི་འབྲེལ་ཡོད་སྡེ་ཚན། བོད་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན། དེ་བཞིན་བོད་དུ་ཕྱག་ལས་གནང་མྱོང་བའི་འགོ་ཁྲིད་པ་རྒན་གྲས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།