ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་ཀྲུང་གོ་དང་འཇར་མན་གྱི་མིའི་ཐོབ་ཐང་འཕེལ་རྒྱས་གླེང་སྟེགས་པེར་ལིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2019ལོའི་ཀྲུང་གོ་དང་འཇར་མན་གྱི་མིའི་ཐོབ་ཐང་འཕེལ་རྒྱས་གླེང་སྟེགས་ཉེ་ལམ་འཇར་མན་པེར་ལིན་ནས་བསྡུས། སྐབས་འདིའི་གླེང་སྟེགས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་དང་མིའི་ཐོབ་ཐང་ཡར་ཐོན་གྱི་ལོ་ངོ་བདུན་ཅུར་ཕྱིར་དྲན་དང་རྒྱང་ལྟ་བྱེད་པ་བརྗོད་སྙིང་དུ་བྱས་པ་དང་། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་ཀྱི་མིའི་ཐོབ་ཐང་ཁྱབ་ཁོངས་ནས་ཡོང་པའི་ཆེད་མཁས་པས་དབུལ་སྐྱོར་དང་མིའི་ཐོབ་ཐང་དང་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་དང་མིའི་ཐོབ་ཐང་། རྒྱུན་མཐུད་འཕེལ་རྒྱས་དང་མིའི་ཐོབ་ཐང་སོགས་བརྗོད་གཞི་ལ་དམིགས་ནས་ཞིབ་སྡུར་དང་བརྗེ་རེས་གཏིང་ཟབ་བྱས།

ཀྲུང་གོ་ཕྱོགས་ཀྱི་འཐུས་ཚབ་པས་བཤད་རྒྱུར། ལོ་ངོ་བདུན་ཅུའི་རིང་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མིའི་ཐོབ་ཐང་ལས་དོན་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཀྲུང་གོས་མིའི་ཐོབ་ཐང་གནད་དོན་སྟེང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་བཀུར་དང་སློབ་སྦྱོང་། དཔེ་ལྟ་བྱེད་པ་དང་། མཉམ་དུ་ཡར་ཐོན་བྱེད་དགོས་ཟེར། འཇར་མན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་བརྗེ་རེས་དང་དཔེ་ལྟ་བྱེད་པ་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་རྒྱུའི་རེ་བ་བཅངས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།