ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁི་ཆང་གིས་ཧན་གོའི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190329095407UV7Q.jpg

ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཧེ་ནན་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཧན་གོའི་ཙུང་ལི་ལི་ལའོ་ཡོན་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་ཧེ་ནན་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཧན་གོའི་ཙུང་ལི་ལི་ལའོ་ཡོན་ལ་མཇལ་འཕྲད་གནང་། ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ནི་འཛམ་གླིང་ལ་མཚོན་ན་ཆེས་གལ་ཆེ་བའི་དཔལ་འབྱོར་གྱི་ཕུང་བོ་དང་ས་གནས་ཀྱི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་ལ། ཕྱོགས་གཉིས་ཀ་ཆེས་ཆེ་བའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲོགས་པོའི་གྲས་ཀྱི་གཅིག་ཡིན། ང་ཚོས་ཧན་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་གྱི་ཡིད་ཆེས་ལ་སྐུལ་འདེད་གཏོང་བ་དང་འགྲོ་འོང་ཇེ་དམ་དུ་གཏོང་བ། མཉམ་ལས་ཀྱི་ཆུ་ཚད་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མངོན་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར། 

ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་དཔལ་འབྱོར་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བཟང་བོ་བྱེད་པ་དང་མཉམ་ལས་ཀྱི་སྦས་ཤུགས་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་བར་གྱི་ཉོ་ཚོང་དངུལ་གཏོང་རྒྱ་བསྐྱེད་དེ། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ཧུར་ཐག་གིས་སྤེལ་དགོས་ཟེར། 

ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་དང་མཉམ་དུ་རྒྱལ་ཁབ་གསུམ་གྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་སྡུར་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་དར་རྒྱས་གོང་འཕེལ་དང་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར། 

ལི་ལའོ་ཡོན་གྱིས་བསྟན་དོན། ཀྲུང་གོ་དང་ཧན་གོ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་གཉིས་ཡིན་པ་དང་། ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ཐད་ནས་ཡུན་རིང་གི་འཕེལ་རྒྱས་གྲུབ་འབྲས་བླངས་ཡོད། ཧན་གོ་ཕྱོགས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ཁྲོད་ཧུར་ཐག་གིས་ཞུགས་འདོད་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།