ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སི་ཐོ་མེ་དང་ཕུ་རིན་སི་ཕེ་ཡི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124292408_15536973422341n.jpg

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧའེ་ནན་ནས་ཀྲུང་གོར་པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས2019ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་སི་ཐོ་མེ་དང་ཕུ་རིན་སི་ཕེ་ཡི་ཙུང་ལི་རི་སུའུ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ཧའེ་ནན་ནས་ཀྲུང་གོར་པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས2019ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་སི་ཐོ་མེ་དང་ཕུ་རིན་སི་ཕེ་ཡི་ཙུང་ལི་རི་སུའུ་སི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་སི་ཐོ་མེ་དང་ཕུ་རིན་སི་ཁེ་ཡི་གཉིས་ཀྱི་འབྲེལ་བ་སླར་གསོ་བྱས་པའི་ལོ་གཉིས་ལྷག་ལ། ཕྱོགས་གཉིས་ཀྱི་ཆབ་སྲིད་རྟོན་རེས་ཇེ་ཟབ་ཏུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཀྲུང་གོ་ཕྱོགས་ཀྱིས་སི་ཐོ་མེ་དང་ཕུ་རིན་སི་ཁེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཆབ་སྲིད་རྨང་གཞི་ཡིན། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ང་ཚོས་སི་ཐོ་མེ་དང་ཕུ་རིན་སི་ཁེ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རི་སུའུ་སི་ཡིས་བསྟན་དོན། སི་ཐོ་མེ་དང་ཕུ་རིན་སི་ཁེ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ་དང་། ཉྭ་ལས་དང་གནས་སྐོར། རྨང་གཞི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།