ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ལི་ཧྥེ་ལིས་ཕུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190328091744gLmC.jpg

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལིས་ཙུང་ལིའི་བཞུགས་ཤག་ནས་ཧྥ་རན་སིའི་ཙུང་ལི་ཧྥེ་ལིས་ཕུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལིས་ཙུང་ལིའི་བཞུགས་ཤག་ནས་ཧྥ་རན་སིའི་ཙུང་ལི་ཧྥེ་ལིས་ཕུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སི་བར་གྱི་མཛའ་བཤེས་ཟབ་ཅིང་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་བདག་དང་ཙུང་ཐུང་མཱ་ཁི་ལུང་གཉིས་ཀ་སྔར་ལས་གསོན་ཤུགས་ལྡན་པའི་ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱེད་པར་འཐད་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ང་ལྔ་ལོན་པ་གོ་སྐབས་སུ་བཟུང་སྟེ། ཐུན་མོང་གི་ལྟ་ཚུལ་དེ་ཕན་འབྲས་ངོ་མ་རུ་བསྒྱུར་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་སྒུག་ཡོངས་སུ་སྐོང་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་ཀྲུང་གོ་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་ཕྱོགས་གསུམ་གྱི་བྱ་བ་དམ་འཛིན་བྱེད་དགོས། གཅིག ཁ་ཕྱོགས་དམ་འཛིན་བྱེད་དགོས། གཉིས། རྨང་གཞི་དམ་འཛིན་བྱེད་དགོས། གསུམ། མ་འོངས་པ་དམ་འཛིན་བྱེད་དགོས་ཟེར།

ཧྥེ་ལིས་ཕུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་བྱས་ཏེ་གྲུབ་འབྲས་བཟང་བོ་ཐོབ་པ་ལས་ཧྥ་རན་སི་དང་ཀྲུང་གོས་མཉམ་དུ་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་འདུན་ཆེན་མོ་ཡང་བསྐྱར་མངོན་པར་བྱས་ཡོད། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་ཐད་བཏོན་པའི་འཆར་འགོད་དང་འདོད་ཚུལ་ལ་གཟེངས་བསྟོད་བྱེད་པ་ཡིན། ཧྥ་རན་སི་སྲིད་གཞུང་གི་ལས་ཁུངས་སོ་སོས་ཕྱོགས་གཉིས་ཀྱིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། ཁོང་སྲུང་དང་ལྷད་མེད་དཔལ་འབྱོར་སོགས་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།