ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧའེ་ནན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1553733845191533.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན། པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ནན་མཚོ་ཁར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལག་བསྟར་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་སྔར་ལས་བཟང་བོར་སྤེལ་བ། ཚོང་རའི་གཙོ་གཞི་གསོན་ཤུགས་སྔར་ལས་ཆེར་སྐྱེད་པ། འཕེལ་རྒྱས་དང་དམངས་ཚིས་ཐད་ཀྱི་དཀའ་གནད་ཐག་གཅོད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་མཐོར་འདེགས་གཏོང་དགོས་ཟེར།

ལིས་ཁི་ཆང་ཐོག་མར་ཅིན་ཕན་ཀུང་ཟི་རུ་སོང་ནས། སྲིད་ཇུས་ལག་བསྟར་བྱས་རྗེས་ཁེ་ལས་ཀྱི་དཔྱ་ཁྲལ་ཇེ་ཉུང་དུ་བཏང་བའི་སྐོར་ནས་རྒྱུས་ལོན་གསལ་བོ་བྱས། ལིས་ཁི་ཆང་གིས་གསུང་རྒྱུར། གཞི་ཁྱོན་ཆེ་བའི་ཁྲལ་འཕྲི་ལག་བསྟར་བྱེད་དོན་ནི་ཁེ་ལས་ལ་ཁེ་སྤོགས་སྔར་ལས་མང་པོ་བསྐྲུན་པ་དང་། ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་དང་ནུས་པ་ཇེ་ཆེར་བཏང་སྟེ། ལས་ཞུགས་ལ་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན་ཟེར།

1553733850494231.jpg

དེའི་རྗེས་ལིས་ཁི་ཆང་ཞིན་ཨན་སྡོད་ཁུལ་གཟིགས་སྐྱོང་ལྟེ་གནས་དང་ཧའེ་ནན་དཔལ་འབྱོར་ལས་རིགས་ལག་རྩལ་སློབ་གླིང་དུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།

ལིས་ཁི་ཆང་གིས་ཧའེ་ནན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག བཅོས་བསྒྱུར་སྒོ་འབྱེད་དང་གསར་གཏོད་ཐད་ནས་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།

ཞའོ་ཅེ་ཡིས་མཉམ་དུ་རྟོག་ཞིབ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།