ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་ལམ་ལུགས་ལ་ཁྱོན་ཡོངས་ནས་བཅོས་སྒྱུར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་ལམ་ལུགས་ལ་ཁྱོན་ཡོངས་ནས་བཅོས་སྒྱུར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་ལམ་ལུགས་ལ་ཁྱོན་ཡོངས་ནས་བཅོས་སྒྱུར་བྱས། ཉིས་སྟོང་བཅུ་དགུ་ལོའི་ལོ་སྟོད་ལ་རྒྱལ་ཡོངས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་དུས་ཚོད་ཉིན་བརྒྱ་དང་ཉི་ཤུའི་ནང་ཇེ་ཉུང་དུ་བཏང་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཏིས་རིམ་པ་དང་དེ་མིན་གོང་གི་གྲོང་ཁྱེར་བཅས་ལ་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་ལམ་ལུགས་ཀྱི་སྤྱི་ཁོག་དང་ཆ་འཕྲིན་གཞི་གྲངས་ཀྱི་སྟེགས་བུ་རིམ་བཞིན་ཆགས་པར་བྱེད་དགོས། ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་བར་དུ་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་དོ་དམ་མ་ལག་དང་འབྲེལ་ཡོད་མ་ལག་སྟེགས་བུ་མཉམ་སྦྲེལ་མཉམ་མཐུད་བྱེད་དགོས་པ་དང་། ཚོད་ལྟ་ས་ཁུལ་གྱིས་མུ་མཐུད་དུ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་བཅོས་སྒྱུར་གསར་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་ནས་ཞིབ་བཤེར་ཆོག་འགོད་ནུས་པ་ཇེ་ཆེར་གཏོང་དགོས། ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་དང་དོ་དམ་མ་ལག་ཕལ་ཆེར་ཆགས་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།