ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་དང་ཞིང་ཆེན་པུའུ་རིམ་པའི་ལས་བྱེད་པའི་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་སྡུར་འཛིན་གྲྭའི་བཞུགས་མོལ་ཚོགས་འདུ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

111.jpg

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་སྡུར་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་ཚེས་ཉེར་ལྔ་ཉིན་ཞིང་ཆེན་པུའུ་རིམ་པའི་ལས་བྱེད་པའི་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་སྡུར་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲུང་སྐྱོབ་ཆེན་པོར་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་བཀོད་སྒྲིག་ཆེན་པོའི་ཁྲོད་འཇོག་པ། སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། འབྲི་ཆུ་དང་འབྲེལ་བའི་དཔལ་འབྱོར་བྱ་འགུལ་ཡོངས་རྫོགས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་མི་བྱེད་པའི་སྔོན་འགྲོ་ཆ་རྐྱེན་འོག་སྤེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་དང་སྐྱེ་ཁམས། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་སྔར་བཞིན་ཛ་དྲག་ཡིན། ན་ནིང་། སྐྱེ་ཁམས་ཁོར་ཡུག་པུའུ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གཉིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཅིག་ཏུ་སོང་ནས། ལྐོག་བཤེར་དང་ལྐོག་ཞིབ། ལྐོག་ཏུ་པར་ལེན་པ་བརྒྱུད་དེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་གནས་བབ་ལ་བརྟག་བཤེར་བྱས་པ་ལྟར་ན། འབྲི་ཆུའི་བཞུར་རྒྱུན་ས་ཁུལ་གྱི་བཙོག་རྫས་ཕྱིར་འདོན་པ་དང་སྐྱེ་ཁམས་ལ་གཏོར་བརླག་བྱེད་པའི་གནད་དོན་ད་དུང་ཧ་ཅང་ཛ་དྲག་ཡིན་པ་དང་། ཁོར་ཡུག་བཅོས་སྐྱོང་ནུས་པ་ཐད་ནས་ད་དུང་ཞན་ཆ་མང་པོ་ལྡན། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ན། ཐོག་མར་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱེད་པར་དམ་འཛིན་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གནད་དོན་མཐོང་མི་ཐུབ་པ་ནི་ཆེས་ཆེ་བའི་གནད་དོན་ཡིན་ལ། གནད་དོན་ཐག་མི་གཅོད་པ་ནི་འགན་འཁྲི་ལག་བསྟར་མ་བྱས་པ་ཡིན་པས། གནད་དོན་གྱི་ཁྲིད་ཕྱོགས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་པ། བྱེད་ཐབས་དང་འགུལ་སྐྱོད་དངོས་ཀྱི་སྟེང་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་སྲུང་སྐྱོབ་ཆེན་པོར་དམ་འཛིན་བྱེད་པའི་རེ་བ་དོན་འཁྱོལ་བྱེད་དགོས། གཙོ་གནད་འབུར་ཐོན་བྱས་ནས་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གནོད་སྐྱེལ་བ་དང་མང་ཚོགས་ཀྱིས་བཏོན་པའི་འབུར་ཐོན་གནད་དོན་ངེས་པར་དུ་དག་ཐེར་ལེགས་བཅོས་བྱེད་པ། སྲུང་སྐྱོབ་ཆེན་པོར་དམ་འཛིན་བྱེད་པའི་རེ་བ་བཏོན་རྗེས་ད་དུང་བྱུང་བའི་གནད་དོན་ལ་ཐག་གཅོད་ནན་མོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།