ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190325092638r2p2.jpg

ཟླ3པའི་ཚེས24ཉིན་གྱི་སྔ་དྲོར། ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2019ལོའི་ལོ་ཚོགས་པེ་ཅིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2019ལོའི་ལོ་ཚོགས་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་གསུང་རྒྱུར། འདས་པའི་ལོ་གཅིག་ནི་ཀྲུང་གོའི་འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་ཆེས་སྤྱིར་བཏང་མིན་པའི་ལོ་གཅིག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཁ་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་འཐབ་འབད་བརྩོན་དང་དཀའ་ཁག་ཁྱད་སེལ་བྱས་ནས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བཟང་བོ་བྱས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། ད་ལོའི་གནས་བབ་དེ་ལས་ཀྱང་རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་ངེས་ན་ཡང་། ང་ཚོས་འབད་འཐབ་ལྷོད་མེད་བྱེད་པའི་གྲ་སྒྲིག་བཟང་བོ་བྱས་ཡོད་པ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་ཡིད་ཆེས་དང་ནུས་པ་ལྡན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཇུག་བསྡུ་བྱ་བའི་ཐད་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིངས་ཡོད་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོས་སྒོ་འབྱེད་བྱས་ནས་འཛུགས་སྐྲུན་སྤེལ་བ་རྒྱུན་འཁྱོངས་བྱས་པ་དང་། སྒོ་རྒྱག་པ་དང་སྒོ་ཕྱེད་རྒྱག་པ་ནས་ཁྱོན་ཡོངས་ནས་སྒོ་འབྱེད་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་མངོན་འགྱུར་བྱས་ལ། སྒོ་འབྱེད་དེ་དེང་རབས་ཀྲུང་གོའི་མཚོན་རྟགས་མངོན་གསལ་དུ་གྱུར་ཡོད། སྔོན་ཆད་ཀྱི་ཀྲུང་གོའི་དཔལ་འབྱོར་དེ་སྒོ་འབྱེད་ཀྱི་ཆ་རྐྱེན་འོག་གོང་འཕེལ་དུ་སོང་བ་ཡིན་ལ། མ་འོངས་པའི་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱང་ངེས་པར་དུ་སྔར་ལས་སྒོ་འབྱེད་ཀྱི་ཆ་རྐྱེན་འོག་མངོན་འགྱུར་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་སྒོ་འབྱེད་རྒྱ་སྐྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གཙོར་འཛིན་པ། ནང་འདྲེན་དང་ཕྱིར་གཏོང་ལ་མཉམ་དུ་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་པའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་རང་འགུལ་སྒོས་ནང་འདྲེན་རྒྱ་སྐྱེད་པ་དང་། སྒོ་ཁྲལ་སྔར་ལས་ཇེ་དམའ་རུ་གཏོང་བ། གྲུ་ཁ་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཀྲུང་གོའི་ཚོང་ར་ཆེན་མོའི་གོ་སྐབས་ལོངས་སྤྱོད་བྱེད་ཐུབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།