ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་མ་ཐ་ལོས་ལ་རྣམ་གཉིས་ཀྱིས་ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་གླེང་སྟེགས་ལ་ཞུགས་པའི་ཕྱོགས་གཉིས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལོས་ལ་དང་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་གླེང་སྟེགས། ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་ལ་ཞུགས་པའི་ཕྱོགས་གཉིས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱི་ཐ་ལིའི་དངོས་གཉེར་མཉམ་ལས་ཀྱི་རྐྱེན་སྲོལ་ཆེན་མོ་གསུམ་གྱི་གྲོས་ཚོགས་ཐོག་དང་པོར་ཚོགས་པར་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ཁེ་ལས་ལས་རིགས་དང་རིག་གནས་སྒྱུ་རྩལ་ལས་རིགས་ཀྱི་མི་སྣས་དུས་ཡུན་རིང་བོར་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེ་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་ཐ་ལི་ནི་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་འཐབ་ཇུས་གྲོགས་པོ་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གྲོགས་པོ། དཔལ་ཡོན་དཔྱད་གཞིར་འཛིན་པའི་བརྗེ་རེས་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིའི་ལས་རིགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་གཉིས་ཕན་མཉམ་རྒྱལ་གྱི་བགྲོད་ལམ་སྟེང་དུ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་སྦྲེལ་མཉམ་མཐུད་དང་ཐ་ན་འཛམ་གླིང་གི་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་བ་འཇོག་འདོད་ཡོད། ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་ལས་རིགས་དང་རིག་གནས་ལས་རིགས་ཀྱི་མི་སྣས་རང་རང་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ལ་བློ་གྲོས་དང་སྟོབས་ཤུགས་ཆེན་པོ་འདོན་དགོས་ཟེར།

མ་ཐ་ལོས་ལ་ཡིས་བཤད་རྒྱུར། དུས་རབས་གསར་བའི་འོག་ཏུ་དབྱི་ཐ་ལི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་རིག་གནས་ལས་རིགས་ཀྱིས་ཁྱོན་ཡོངས་ནས་བརྗེ་རེས་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།