ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་འགོ་མཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ཉེར་གཉིས་ཉིན་སྐྱེ་ཁམས་ཁོར་ཡུག་པུའུ་རུ་རྟོག་ཞིབ་བྱེད་དུ་ཕེབས་པར་མ་ཟད་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། 2019ལོའི་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་ཐད་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། འབྲི་ཆུའི་སྲུང་སྐྱོབ་དང་སླར་གསོའི་མཁྲེགས་གཏོར་ཐད་ཀྱི་བྱ་བ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བཏང་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། 2020ལོའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་གྱི་གཞི་རྩའི་བྱ་བ་བཟང་བོར་བསྒྲུབ་པའི་བྱེད་ཐབས་ནི་གནད་དོན་ལ་དམ་དུ་དམིགས་ནས་གནད་དོན་ཐག་གཅོད་རྒྱུ་དེ་ཡིན། ཚན་རིག་དང་མཐུན་པའི་གནད་དོན་འཚོལ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ན། མང་ཚོགས་ལ་སྐུལ་སློང་རྒྱ་ཆེར་གཏོང་བ་དང་། སྤྱི་ཚོགས་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། ཆ་འཕྲིན་ཅན་དང་ལག་རྩལ་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། གནད་དོན་འཚོལ་བའི་ནུས་པ་རྒྱུན་མ་ཆད་མཐོར་འདེགས་གཏོང་དགོས། གནད་དོན་ཐག་གཅོད་རྒྱུ་དེ་རྐང་འཛུགས་ས་དང་ཤུགས་འདོན་སར་བྱེད་པ་དང་། ཉམས་མྱོང་བཟང་བོ་སྤྱི་སྡོམ་བྱེད་པ་དང་ཁྱབ་གདལ་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བཟོས་ནས། གནད་དོན་དངོས་ཐག་གཅོད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། བློ་དཀར་བ་དང་ཁག་ཁུར་བྱེད་ཕོད་པའི་བྱང་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གི་རྒྱ་ཆེའི་ལས་བྱེད་པས་འགན་འཁྲི་འདུ་ཤེས་ཇེ་མཐོར་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐད་ཀྱི་འཚོལ་སྙེག་དང་སྤྲོ་སེམས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྲུང་སྐྱོབ་པ་བཟང་བོ་བྱས་ཏེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་རྒྱུགས་ལན་བཟང་བོ་ཞིག་སྤྲོད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།