ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་པ་པུའུ་ཡའི་ཆུ་ལོག་གི་གནོད་འཚེ་ཐད་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་འཚམས་འདྲི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་པ་པུའུ་ཡ་ཞིང་ཆེན་དུ་བྱུང་བའི་ཆུ་ལོག་གི་གནོད་འཚེ་ཐད་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི་ལ་འཚམས་འདྲི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཉེ་ལམ། ཧིན་རྡུ་ཉི་ཞི་ཡའི་པ་པུའུ་ཡ་ཞིང་ཆེན་དུ་ཆུ་ལོག་གི་གནོད་འཚེ་བྱུང་ནས། མི་སྣར་འཆི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཐེབས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པ་མ་ཟད། ང་རང་ཉིད་ཀྱིས་མིང་སྟེང་ནས། ཙུང་ཐུང་ཙའོ་ཁི་དང་ཆུ་ལོག་གི་གནོད་འཚེ་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣ་དང་གར་སོང་མི་རྙེད་པའི་མི་སྣའི་ཁྱིམ་མི་ལ་འཚམས་འདྲི་ཞུས་པ་ཡིན། ང་ཚོས་ཧན་རྡུ་ཉི་ཞི་ཡའི་མི་དམངས་ལ་གནོད་འཚེ་ཐེབས་པར་མྱ་ངན་ཆེན་པོ་ཞུ་བཞིན་ཡོད་ལ། ཙུང་ཐུང་ཙའོ་ཁི་དང་ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་འོག ཧིན་རྡུ་ཉི་ཞི་ཡའི་མི་དམངས་ཀྱིས་གནོད་འཚེ་ལས་རྒྱལ་ཁ་བླངས་ནས། ཁྱིམ་གཞི་བསྐྱར་འཛུགས་བྱེད་ཐུབ་པར་ང་རང་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།