ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་དགོང་དྲོའི་སྦྲགས་སྲིད་ཚགས་པར་སྟེང་མིང་བཀོད་རྩོམ་ཡིག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ལ་ཆེད་དུ་རྒྱལ་དོན་འཚམས་འདྲི་མ་མཛད་པའི་སྔོན་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་དགོང་དྲོའི་སྦྲགས་སྲིད་ཚགས་པར་སྟེང་ཁ་ཡིག་ལ་ཤར་ནུབ་འབྲེལ་འདྲིས་གཏམ་བཟང་ཀུན་ལ་སྒྲོག ཀྲུང་དབྱིའི་མཛའ་རྩེར་ལེའུ་གསར་བ་འབྲི་ཞེས་པའི་མིང་བཀོད་རྩོམ་ཡིག་སྤེལ།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་མཱ་ཐ་ལི་ལ་ཡི་གདན་ཞུས་ལྟར་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ལ་ཆེད་དུ་རྒྱལ་དོན་འཚམས་བྱེད་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ནི་ཤར་ནུབ་ཕྱོགས་ཀྱི་དཔལ་ཡོན་མཚོན་བྱེད་ཡིན་ལ། ཕྱོགས་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་ཧ་ཅང་རྒྱུན་རིང་། ལོ་ངོ་ཉིས་སྟོང་ལྷག་གི་ཡར་སྔོན་ནས་བཟུང་གནའ་བོའི་དར་གོས་སྲང་ལམ་གྱིས་ལེ་དབར་ཁྲི་ཕྲག་གིས་ཆོད་པའི་ཀྲུང་གོ་དང་གནའ་བོའི་ལའོ་མ་གཉིས་ཕྱོགས་གཅིག་ཏུ་སྦྲེལ་བ་རེད། ད་ལྟའི་དུས་རབས་ལ་སླེབས་དུས་ཀྲུང་གོ་དང་དབྱི་ཐ་ལི་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་གསོན་ཤུགས་གསར་བ་རྒྱས་ཡོད། ཉིས་སྟོང་ཉི་ཤུ་ལོར་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་བར་ལ་འབྲེལ་བ་བཙུགས་པའི་ཚུན་ལ་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་ཡིད་ཆེས་དང་མཉམ་ལས་དམ་ཟབ་བྱས་ཏེ། སྤྱི་ཚོགས་ཀྱི་ལམ་ལུགས་མི་གཅིག་པ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་གཅིག་པ། འཕེལ་རྒྱས་དུས་རིམ་དུ་གནས་པའི་རྒྱལ་ཁབ་ཀྱིས་གཉིས་ཕན་མཉམ་རྒྱལ་བྱེད་པའི་དཔེ་མཚོན་གྲུབ་པར་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱི་འགྱུར་བ་མེད་པའི་སྲོལ་རྒྱུན་མཛའ་བརྩེ་ནི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྨང་གཞིའི་ཁྲོད་རྐང་ཚུགས་པ་དང་། རྔམ་མཐུག་པའི་འཐབ་ཇུས་ཡིད་ཆེས་ཁྲོད་གཅིག་ཏུ་སྒྲིལ་ཡོད།  འདི་དག་ཡོད་ཚད་ཕུན་སུམ་ཚོགས་པའི་དངོས་གཉེར་མཉམ་ལས་ཁྲོད་དུ་གསལ་བོར་མངོན་ཡོད་ལ། འབྲེལ་བ་དམ་པའི་རིག་གནས་བརྗེ་རེས་ཁྲོད་དུ་རྒྱུན་འཛིན་བྱས་ཡོད། འབྲེལ་བ་དེ་སྔར་ལས་ལྷག་པར་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་འགྱུར་མེད་ཀྱི་རྨང་རྐང་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།