ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་འཕྲུལ་ཆས་ཅན་གྱི་ཚུལ་སྒྱུར་རིམ་པར་བྱ་བའི་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས16ཉིན། རྒྱལ་ཡོངས་ཀྱི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་འཕྲུལ་ཆས་ཅན་གྱི་ཚུལ་སྒྱུར་རིམ་པར་བྱ་བའི་གྲོས་ཚོགས་ཧུའུ་པེ་ཞིང་ཆེན་གྱི་ཞང་དབྱང་གྲོང་ཁྱེར་དུ་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ཞིང་གསུམ་བྱ་བ་དང་ལྷག་པར་དུ་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ད་ལོའི་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏད་འཇལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་བརྟན་འཇགས་ཡོང་བ་སྲུང་འཛིན་བྱེད་པར་དོན་སྙིང་གལ་ཆེན་ལྡན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཞིང་ལས་དང་ཞིང་སྡེ་ཐོག་མར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཞིང་ལས་ཀྱི་ཚུལ་སྒྱུར་རིམ་འཕར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་དཔྱིད་ཀའི་ཞིང་སའི་དོ་དམ་དང་དཔྱད་འདེབས་གྲ་སྒྲིག་བྱ་བ་དམ་འཛིན་བྱེད་པ་དང་། འབྲུ་རིགས་འདེབས་པའི་གཞི་ཁྱོན་བརྟན་འཇགས་སུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་ཀྱི་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་བ་དང་ཞིང་ལས་འཕྲུལ་ཆས་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་འཕར་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་ལ་སྐུལ་འདེད་བཏང་ནས། འབྲུ་རིགས་དང་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་བ་དང་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཞིང་ཐོན་དངོས་རྫས་གཙོ་བོ་ནུས་ལྡན་སྒོས་འདོན་སྤྲོད་བྱེད་རྒྱུ་སྲུང་འཛིན་བྱེད་དགོས། མཉམ་སྦྲེལ་དྲ་རྒྱ་དང་ཞིང་ལས་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང་ཕྱིར་ལོག་ཡུལ་མིས་ལས་སྤེལ་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ལ། ཏན་ཏན་ཏིག་ཏིག་སྒོས་ཞིང་སྡེ་བཅོས་སྒྱུར་དང་དབུལ་ཐར་མཁྲེགས་གཏོར། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པ་སོགས་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་ནས། ཞང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།